ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༢/༠༥/༢༩

རྒྱ་གཞུང་གིས་འདི་ལོའི་ལྷ་སའི་དཔལ་ལྷ་མོའི་དུས་ཆེན་བཀག་འདུག


The Annual Festival of Palden Lhamo in Lhasa (Photos: Early Tibet and Tibetan & Social Media)

ལོ་ལྟར་བོད་ཟླ་༡༠ཚེས་༡༥ཉིན་ནི་གཙོ་བོ་བོད་ཀྱི་རྒྱལ་ས་ལྷ་སའི་མང་ཚོགས་ཀྱི་ལོ་གཅིག་དུས་གཅིག་གི་ཆོས་ཕྱོགས་ཀྱི་དུས་ཆེན་གལ་ཆེ་ཤོས་གྲས་སུ་བརྩིས་པའི་ལྷ་ལྡན་གཙུག་ལག་ཁང་གི་གནས་སྲུང་གཙོ་བོ་དཔལ་ལྡན་ལྷ་མོར་གསོལ་མཆོད་བྱེད་པའི་དུས་ཆེན་འཁེལ་ཡོད་པ་ལྟར་ད་ལོ་ལྷ་སའི་མང་ཚོགས་ཀྱིས་དུས་ཆེན་དེ་སྲུང་བརྩི་བྱ་རྒྱུར་ངང་སྒུག་དང་གྲ་སྒྲིག་གནང་སྟེ་བཞུགས་ཡོད་པའི་སྐབས་དེར་རྒྱ་ནག་གཞུང་གིས་པེ་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཆེད་ནད་ཡམས་སྔོན་འགོག་ལ་ཁ་གཡར་ཏེ་ད་ལོའི་དུས་ཆེན་འདི་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བཏང་ཡོད་པ་རེད་ཅེས་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་པའི་སྐོར་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG