ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

པེ་ཅིང་གི་རྩེད་འགྲན་ལ་འགོག་རྒོལ་གནང་བར་སྤྱི་འཐུས་ནས་བསྔགས་བརྗོད་གནང་པ།


ད་རིང་སྤྱི་ཟླ་༡༢ཚེས་༡༣ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དྲ་ཐོག་ཏུ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ད་ལྟའི་འཆར་ཨ་རིས་གཙོས་པའི་དབྱིན་ཇི་དང་ཨ་སི་ཀྲོ་ལི་ཡ། ཁེ་ན་ཌ། ནེའུ་ཛི་ལན་ཌི། ལི་ཐུ་ཝེ་ནི་ཡ་བཅས་ཀྱིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་གི་ཡོད་པར་བརྟེན་སོ་སོའི་གཞུང་འབྲེལ་མི་སྣ་རྩེད་འགྲན་ཐོག་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་བ་དེ་ལ་དགའ་བསུ་དང་། བསྔགས་བརྗོད་ཞུ་རྒྱུ་ཡིན་པ་མ་ཟད། དེ་ནི་དཔལ་འབྱོར་ལས་འགྲོ་བ་མིའི་ཐོབ་ཐང་གལ་ཆེ་བར་བརྩིས་ཡོད་པ་བཀོད་གནང་ཡོད་པའི་སྐོར་བཞུགས་སྒར་རྡ་རམ་ས་ལའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བོད་མི་མང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།


XS
SM
MD
LG