ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བལ་ཡུལ་དུ་༧གོང་ས་མཆོག་ལ་གཟེངས་རྟཊ་ཐོབ་པའི་དུས་དྲན་སྲུང་བརྩི།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་༣༢་འཁོར་བའི་དུས་ཚིགས་ཉིན་བལ་ཡུལ་དུ་གནས་འཁོད་བོད་པ་ཚོས་གཞུང་འབྲེལ་གྱི་མཛད་སྒོ་ཚོགས་ནས་དགའ་སྟོན་རྟེན་འབྲེལ་ཞུས་ཡོད་ཅིང་། བལ་པོའི་ཉེན་རྟོག་པ་ཚོས་ལྟ་རྟོག་བྱས་པ་མ་གཏོགས་རྒྱལ་ས་ཀ་ཐ་མན་རྡུའི་མངའ་ཁུལ་གྱི་བོད་པ་འདུས་སྡོད་ཀྱི་ས་གནས་ཁག་ལའང་སྔ་ལོ་ལྟར་དམག་མི་ཕོན་ཆེན་འགྲེམ་འཇོག་བྱས་ནས་དམ་དྲག་བྱས་མེད་ཅིང་། ད་ལོ་བོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་ཁག་ཚང་འཛོམས་ཀྱིས་དུས་དྲན་མཛད་སྒོ་ཚོགས་བཅུག་ཡོད་པའི་སྐོར། བལ་ཡུལ་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG