ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་གི་སློབ་ཕྲུག་ཚོར་འཇིགས་སྐུལ།


༄༅།། རྒྱ་ནག་དམར་ཤོག་ཚོགས་པའི་ཚགས་པར་ཞིག་གི་ནང་དུ་རྩོམ་ཡིག་ཅིག་སྤེལ་ནས་ཧོང་ཀོང་སློབ་གྲྭ་ཆེན་མོར་རྒྱལ་གཅེས་རིང་ལུགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཀྱི་སློབ་ཁྲིད་བྱས་པའི་སྐབས་སུ་སློབ་ཕྲུག་གི་མཐུན་ཚོགས་ཀྱིས་ཡིག་ཆ་བཀྲམ་ནས་མངོན་གསལ་དོད་པོས་མི་འདོད་པའི་རྣམ་འགྱུར་བསྟན་པ་རེད། འདི་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ནག་པོ་བཟོ་ཐབས་ཤིག་ཡིན་པར་མ་ཟད། ཁོ་ཚོས་ཁྲིམས་བྱོལ་བ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་གཞི་ལའང་ངོ་རྒོལ་བྱས་ཡོད་ཅིང་། ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་གི་འགོ་ཁྲིད་ཚོས་ཟིང་ཆ་བསླངས་ནས་བཙོན་ཁང་དུ་འགྲོ་རྒྱུ་དང་ལག་ལྕགས་རྒྱག་རྒྱུ་དེར་སྒུག་ཡོད་པ་རེད་ཅེས་ཉེན་བརྡ་བཏང་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG