ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོ་རྒྱལ་ཁབ་གཞན་ལ་བྲོས་བྱོལ།


༄༅།། ན་ནིང་ལོར་ཧོང་ཀོང་ལ་དམངས་གཙོའི་ཕྱོགས་ཁག་གི་འཐུས་མི་དང་དམངས་གཙོ་དོན་གཉེར་གྱི་ལས་འགུལ་ལ་གཞུང་གིས་དྲག་གནོན་བྱེད་པའི་ཆེད་དུ་རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་དེ་དངོས་སུ་ལག་ལེན་བསྟར། ཧོང་ཀོང་ལ་ད་དུང་ཡང་མུ་མཐུད་དུ་ངོ་རྒོལ་ལས་འགུལ་སྤེལ་ཚེ། མི་དེ་ཚོར་བཙོན་འཇུག་གི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པར་བརྟེན་ན་ནིང་ལོའི་སྤྱི་ཟླ་༡༢་པར་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་གཞོན་སྐྱེ་མང་པོ་ཞིག་དབྱིན་ཡུལ་དང་ཨོ་གླིང་རྒྱལ་ཁབ། ཁ་ན་ཌ་སོགས་རྒྱལ་ཁག་ཁག་ལ་བྲོས་བྱོལ་དུ་སྐྱོད་འགོ་ཚུགས་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG