ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་གུར་བུ་མོ་ཞིག་ཕོ་བྲང་དཀར་པོའི་རྒྱ་ནག་སྲིད་ཇུས་སློབ་སྟོན་པར་བསྐོ་བཞག


ཨ་རིའི་གཞུང་འཛིན་ཕོ་བྲང་དཀར་པོས་ཡུ་གུར་མི་རིགས་ཡིན་པའི་ཨ་རི་བ་ཞིག་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་ཁོངས་ཀྱི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལ་བསྐོ་བཞག་གནང་ཡོད་པ་རེད། དབྱེ་ཞིབ་པས་སྲིད་འཛིན་ཊམ་གཞུང་འཛིན་ལྷན་ཁང་ནས་ཕོ་བྲང་དཀར་པོའི་རྒྱ་ནག་ཐད་ཀྱི་སྲིད་ཇུས་སློབ་སྟོན་པའི་གྲས་སུ་ཡུ་གུར་བ་ཞིག་བསྐོ་བཞག་གནང་བ་དེ་ནི་རྒྱ་ནག་དང་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ཐུགས་སྣང་ཆེ་རུ་གཏོང་རྒྱུའི་རྣམ་པ་ཞིག་ཡིན་པ་དང་། དེས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད་ཅེས་གསུང་གི་ཡོད་པ་སོགས་ཀྱི་སྐོར་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG