ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༤/༢༩

ཆབ་སྲིད་བཙོན་ཟུར་པདྨ་དབང་ཆེན་འདས་གྲོངས།


བོད་ཀྱི་ཆབ་སྲིད་བཙོན་ཟུར་པདྨ་དབང་ཆེན་གྱིས་སྤྱི་ལོ་༢༠༡༦་ལོར་མང་ཚོགས་འདུ་འཛོམས་སར་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་སྒྲ་བསྒྲགས་པ་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་བཅས་ཀྱིས་དཀར་མཛེས་རྫོང་གི་ཉེན་རྟོག་པས་འཛིན་བཟུང་འོགཏུ་བཀག་སྐྱིལ་དང་འདྲི་གཅོད། ཁོ་པར་རྡུང་རྡེག་དང་མནར་གཅོད་ཐེབས་མྱོང་ཡོད་ཅིང་། དེའི་རྗེ་སུ་པདྨ་དབང་ཆེན་ནད་གཅོང་དུ་གྱུར་ནས་འདས་གྲོངས་སུ་གྱུར་འདུག ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་པ་ཚོས་བརྗོད་དོན་ལྟར་ན་པདྨ་དབང་ཆེན་གྱིས་བཀག་ཉར་ཁང་དུ་འདྲི་གཅོད་དང་རྡུག་རྡེག། མནར་གཅོད་སོགས་མྱངས་པའི་རྗེས་སུ་ནད་ངོ་མི་ཆོད་པའི་ན་ཚ་ཞིག་ཕོག་ཀྱང་སྨན་བཅོས་བྱེད་དུ་བཅུག་མེད་པ་དང་དོ་བདག་གི་རྒྱུན་ལྡན་གྱི་འཚོ་བའི་འགྲོ་འདུག་བཅས་ལ་ཉེན་རྟོག་པའི་ལྟ་རྟོག་ནན་པོ་བྱས་ཡོད་པ་དང་རེད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཆབ་སྲིད་བཙོན་ཟུར་པདྨ་དབང་ཆེན་འདས་གྲོངས་སུ་གྱུར་པར་བློ་ཕམ་དང་རྒྱ་ནག་གི་བཙོན་འོག་ཏུ་ཚུད་མྱོང་ཡོད་པའི་བོད་པ་སྲིད་དོན་བཙོན་པ་ཟུར་པ་ཁག་གི་བདེ་ཐང་ལའང་བློ་འཚབ་ཡོད་ཅེས་བརྗོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG