ཁེ་ན་ཌའི་མངའ་སྡེ་ཨོན་ཌེལ་རེ་ཨོར་གཞིས་ཚུགས་ཡོད་པའི་མེག་མཱ་སེ་ཌེལ་སློབ་གྲྭ་ཆེན་མོའི་རྒྱ་རིགས་སློབ་ཕྲུག་ཚོས་ཡུ་གུར་བའི་བུད་མེད་ཅིག་གིས་ཞིན་ཅང་གི་ཡུ་གུར་བའི་གནས་སྟངས་སྐོར་ལ་གཏམ་བཤད་བྱ་རྒྱུ་དེར་ངོ་རྒོལ་དང་རྒྱ་གཞུང་གི་དོན་གཅོད་ཁང་ལ་སྙན་སེང་ཞུས་ཡོད་ཅིང་། ཡང་དེའི་གོང་དུ་ཁེ་ན་ཌའི་ཊོ་རན་ཊོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་རིགས་སློབ་ཕྲུག་ཚོས་བོད་པའི་བུ་མོ་ཞིག་སློབ་གྲྭ་དེའི་སློབ་ཕྲུག་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་བར་ངོ་རྒོལ་ཤུགས་ཆེན་བྱས་པ་དང་། རྒྱལ་སྤྱིའི་རྒྱ་རིགས་སློབ་ཕྲུག་ཚང་མས་དྲྭ་ཐོག་ཏུ་དཔུང་འབྲེལ་གྱིས་ལས་འགུལ་སྤེལ་རྒྱུའི་སྒྲིག་འཛུགས་བྱས་པར་དེ་རིང་ཁེ་ན་ཌའི་གསར་ཁང་ཆེ་ཤོས་ཀྱིས་དེའི་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།