གཟའ་འཁོར་འདིར་རྒྱ་ནག་གི་བྱང་ཤར་ཁུལ་དུ་ཆགས་པའི་ལེའོ་ཉིང་ཞིང་ཆེན་གྱི་ཨཱན་ཧྲན་གྲོང་ཁྱེར་ཁོངས་ཀྱི་གྲོང་སྡེ་ཞིག་གི་མི་མང་སྟོང་ཕྲག་མང་པོས་སྲིད་གཞུང་གིས་མང་ཚོགས་ལ་སྦས་གསང་གིས་གད་སྙིགས་མེར་སྲེག་གཏོང་ཡུལ་ཞིག་གསར་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་པ་དེར་ཉིན་གཉིས་ཀྱི་རིང་དུ་ངོ་རྒོལ་བྱས་ཡོད་ཅིང་། རྒྱ་གཞུང་གི་བདེ་འཇག་དམག་མིས་མི་མང་ངོ་རྒོལ་བ་ཚོར་དྲག་གནོན་བྱས་ཡོད་པར་མ་ཟད། མ་འོངས་པར་བསྐྱར་དུ་གཞུང་གི་འཆར་གཞི་དེ་ལ་ངོ་རྒོལ་བྱ་རྒྱུ་མིན་པའི་མཚན་རྟགས་འགོད་དུ་བཅུག་གི་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་པའི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།