ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨིན་རྡུ་ནེ་ཤི་ཡར་ཐུགས་གསོའི་གསུང་འཕྲིན་དང་ངལ་སེལ་ཞལ་འདེབས།


ཨིན་རྡུ་ནེ་ཤི་ཡའི་སུ་ལ་ཝ་སི་གླིང་ཕྲན་ལ་རེས་གཟའ་པ་སངས་ཉིན་འགུལ་ཚད་༧་དང་གྲངས་ཆུང་༥་ཅན་གྱི་ས་ཡོམ་ཞིག་བརྒྱབ་ནས་རྒྱ་མཚོའི་རྦ་རླབས་འཕྱུར་ཏེ་མི་༨༠༠་ལྷག་ལ་སྲོག་སྐྱོན་བྱུང་ཡོད་ཅིང་། ད་དུང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ འཕར་སྲིད་པའི་ཉེན་ཀ་ཡོད་པས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མཆོག་གིས་ཨིན་རྡུ་ནེ་ཤི་ཡའི་གཞུང་དམངས་གཉིས་ལ་ཐུགས་གསོའི་གསུང་འཕྲིན་དང་ངལ་སེལ་ཆེད་དུ་ཨ་སྒོར་ཁྲི་ལྔ་ཞལ་འདེབས་གནང་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG