ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཀྲེན་ཅཱང་ཧྭ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ།


རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཀྲེན་ཅཱང་ཧྭ་ཟླ་ངོ་དྲུག་ལྷག་ལ་བཀག་ཉར་བྱས་པའི་རྗེས་སུ་ད་ལྟ་དངོས་སུ་འཛིན་བཟུང་བྱས་པ་ཡིན་ཞེས་རྒྱ་ནག་གཞུང་གིས་གསལ་བསྒྲགས་སྤེལ་ཡོད་ཅིང་། ད་ལྟ་བར་དུ་ཀྲེང་ཅཱང་ཧྭའི་བཟའ་མི་ཚོས་གླས་པའི་ཁྲིམས་རྩོད་པ་དོ་བདག་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པས་རྒྱལ་སྤྱིའི་འགྲོ་བ་མི་ཐོབ་ཐང་ཚོགས་པ་ཁག་གིས་ནག་ཉེས་མེད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཀྲེན་ཅཱ་ཧྭ་གློད་གྲོལ་གཏོང་དགོས་ཞེས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་པའི་སྐོར། ཚེ་རིང་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG