ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་པ་ཤེས་ཡོན་ཅན་བརྒྱ་ཕྲག་གཅིག་ཙམ་གྱིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་པའི་སྙན་ཞུ།


བོད་ནང་གི་ཤེས་ཡོན་ཅན་བརྒྱ་ལྷག་གིས་རྒྱ་ནག་གི་ཁྲིམས་ཁང་སོགས་ཀྱི་དྲ་ཚིགས་ནང་དུ་བོད་ཡིག་བཀོལ་སྤྱོད་བྱེད་ཀྱི་མེད་པ་དེས་སྲིད་གཞུང་དང་རྒྱལ་ཁབ་ཀྱི་གནས་ཚུལ་གཞི་རིམ་མི་མང་གི་ཤེས་རྟོགས་ཐུབ་རྒྱུར་དཀའ་ངལ་འཕྲད་པ་མ་ཟད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་དང་རྩ་འགལ་སོང་བ་ཞིག་རེད་ཅེས་སེམས་ཚོར་ཆེན་པོས་མིང་རྟགས་བཀོད་པའི་སྙན་ཞུ་ཞིག་ཕུལ་འདུག་པ་དང་། ཕྱི་ཟླ་ ༡ ཚེས་ ༡༡ འཁོད་པའི་སྙན་ཞུ་དེའི་ནང་ཁྲིམས་ཁང་སོགས་ཀྱི་དྲ་ཚིགས་ནང་དུ་བོད་ཡིག་བཀོལ་སྤྱོད་མ་བྱས་པ་དེའི་རྒྱུ་རྐྱེན་གང་ཡིན་སྐོར་ལ་འདྲི་བ་གསུམ་པ་དྲིས་འདུག་པའི་ནང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་མི་རུང་བའི་སྐད་ཡིག་གཅིག་ཡིན་ནམ་ཞེས་སོགས་དྲིས་ཏེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་བཀྲིས་དབང་ཕྱུག་ལགས་ལ་ཉེས་མེད་ཉེས་འཛུགས་བྱས་པར་ཞུ་གཏུགས་བྱེད་བཞིན་པ་དེ་དཔེ་མཚོན་བགྲངས་འདུག

XS
SM
MD
LG