ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་བཤེར་དྲང་སྙོམས་བྱ་དགོས་པའི་འབོད་སྐུལ།


བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་རྒྱ་ནག་གཞུང་གིས་བཀག་ཉར་བྱེད་ཡོད་ཅིང་། ཧྥི་རན་སིའི་གྲོས་ཚོགས་འཐུས་མི་༡༤་ཡིས་མཚན་རྟགས་བཀོད་པའི་བསྒྲགས་གཏམ་ཞིག་སྤེལ་ཏེ། ཡུ་རོབ་རྒྱལ་ཁབ་ཁག་དང་ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་བཀྲ་ཤིས་དབང་ཕྱུག་གི་གནས་སྟངས་ལ་བློ་འཚབ་ཡོད་པའི་གསལ་བསྒྲགས་རིམ་པ་ཞིག་ཐོན་པ་ལྟར་ཧྥི་རན་སིའི་གྲོས་ཚོགས་ཀྱིས་ཀྱང་བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་རྩོད་པ་གླ་ཆོག་པའི་རང་དབང་སྤྲོད་དགོས་པ་དང་བཟའ་མི་ཚོར་རང་དབང་གི་སྒོ་ནས་ཐུག་འཕྲད་བྱེད་དུ་འཇུག་དགོས་པ་མ་ཟད། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་དེར་ཁྲིམས་བཤེར་དྲང་སྙོམས་ཤིག་བྱ་དགོས་པའི་ནན་བརྗོད་བྱེད་བཞིན་ཡོད་ཅེས་འཁོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་སྐོར། ཚེ་རིང་སྐྱིད་སྙན་སྒྲོན་ཞུ་ཡི་རེད།།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG