ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཤིང་ཅང་ནང་དུ་དམ་དྲག་ཆེ་རུ་བཏང་ཡོད་པ།


ལྷོ་རྒྱ་ནག་གི་ཞོགས་པའི་དབྱིན་ཡིག་གསར་ཤོག་གི་ཐོག་ལ་རྒྱལ་སྤྱིའི་བཙོན་པ་ཉེས་ཡངས་ཚོགས་པའི་ཧོང་ཀོང་ནང་ཡོད་པའི་ཤར་ཨེ་ཤི་ཡའི་སྐོར་གྱི་ཉམས་ཞིབ་པ་ལྕམ་རོ་སི་ཨེན་རི་ཕྷེ་ཡིས་དཔྱད་རྩོམ་ཞིག་སྤེལ་བའི་ནང་ལོ་བཞིའི་གོང་དུ་ཡུ་ཁུར་མི་རིགས་ཡིན་པའི་དགེ་རྒན་ཆེན་མོ་ཨེ་ཧམ་ཐོ་ཏི་ལ་རྒྱ་ནག་གཞུང་ནས་ཁ་འབྲལ་བར་ཉེས་འཛུགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་སྐབས་སུ་དཔྱད་གཏམ་པ་ཚོས་རྒྱ་ནག་གཞུང་ནས་ཡུ་ཁུར་མི་རིགས་ཐོག་ལ་དྲག་གནོན་ཤུགས་ཆེ་བྱེད་རྒྱུའི་སྔོན་རྟགས་ཡིན་པའི་ཚོད་དཔག་བྱས་ཡོད་པ་ལྟར་དེང་སང་གི་ཤིང་ཅང་ནི་ཉེན་རྟོགས་པའི་དབང་སྒྱུར་ཞིག་ཏུ་འགྱུར་ཡོད་ཅེས་བཀོད་ཡོད་པ་རེད་དཔྱད་རྩོམ་འདིའི་ནང་དེང་སང་གི་ཤིང་ཅང་གི་ཁྱད་ཆོས་ནི་གང་སར་རྟོག་ཞིབ་འཕྲུལ་ཆས་ཀྱིས་ཁེངས་པ་དང་བཀག་ཉར་ཁང་ཁག་ནང་མི་མ་ཤོང་པ། བདེ་འཇགས་བསྔོག་བཤེར་ཁང་གྲངས་ལས་འདས་པ། དྲག་ཆས་དམག་མིས་སྲང་ལམ་ཁེངས་པ། འགྲོ་བ་མིའི་ཐོབ་ཐང་ལ་བཙན་འཛུལ་ཅན་གྱི་སྲིད་ཇུས་ཁྱབ་ཆེ་བ་སོགས་ཀྱི་གནས་སྟངས་ཤིག་ཆགས་ཡོད་ཅེས་དང་ དེ་སྔ་ནས་དམ་དྲག་ཡོད་བཞིན་པའི་ཤིང་ཅང་གི་གནས་སྟངས་ནི་ལོ་གཉིས་གོང་དམར་ཤོག་དྲུང་ཆེ་གསར་པར་ཁྲན་ཆོན་གོ་བསྐོ་ཤག་བྱས་པའི་རྗེས་སུ་སྔར་བས་དམ་དྲག་ཆེ་རུ་ཕྱིན་ཡོད་ཅེས་སོགས་བཀོད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG