ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་ཨཱི་ཀྲ་ལི་གྲོང་ཁྱེར་ཧྥ་ལོའོ་རོན་ཚེ་ནང་གསུང་བཤད་གནང་བ།


བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་དེང་སྐབས་ཨཱི་ཏྲ་ལི་ནང་ཆིབས་བསྒྱུར་ནང་བཞིན་ཡོད་པ་ལྟར། དེ་རིང་ཨཱི་ཏྲ་ལི་ཡུལ་གྱི་ལོ་རྒྱུས་ལྡན་པའི་སྔ་མོའི་གྲོང་ཁྱེར་ཧྥ་ལོའོ་རོན་ཚེ་ནང་མི་དམངས་ལ་བཀའ་སློབ་གསུང་བཤད་གནང་སྐབས་མི་མང་སྟོང་ཕྲག་མང་པོས་ཆེད་བཅར་ཞུས་ཡོད་པ་དང་། དེའི་རྗེས་ས་གནས་བོད་མི་ཚོར་མཇལ་ཁ་བཀའ་སློབ་དང་མང་ཚོགས་ལ་ཤེས་ཡོན་ཐོག་ནས་ཞི་བདེ་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པའི་སྐོར་ཨཱི་ཀྲ་ལི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཆོས་གྲུབ་ཚེ་རིང་ལགས་སུ་ཆིབས་བསྒྱུར་དང་འབྲེལ་བའི་སྐོར་ལ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG