ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཀྱེ་ན་ཌའི་གྲོས་ཚོགས་ཀྱི་དོན་གཅོད་ཚོགས་པ་ཞིག་བོད་ལ་གཟིགས་སྐོར་གནང་ཡོད་པ།


ཀྱེ་ན་ཌ་དང་། རྒྱ་ནག་ཡུལ་གྲུ་གཉིས་དབར་གྱི་ཚོང་འབྲེལ་ཤུགས་ཆེ་རུ་བཏང་རྒྱུ་དང་། དེ་བཞིན་བོད་དང་རྒྱ་ནག་གི་རིག་གཞུང་དང་འབྲེལ་བའི་གནས་ཚུལ་མཁྱེན་རྟོགས་གནང་རྒྱུ་སོགས་ཀྱི་ཆེད་དུ་ཀྱེ་ན་ཌའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་ད་རེས་ཉེ་དུས་བོད་དང་རྒྱ་ནག་གི་ས་ཁུལ་ཁག་གཅིག་ལ་འཚམས་འདྲི་གཟིགས་སྐོར་ལ་ཕེབས་ཡོད་པ་དང་། དོན་གཅོད་ཚོགས་པ་དེས་གཟིགས་སྐོར་དེའི་སྐབས་ཟི་ཁྲོན་དང་། མཚོ་སྔོན་ཞིང་ཆེན་ལ་ཕེབས་པའི་སྐབས་ས་གནས་ཀྱི་དཔོན་རིགས་ཚོ་དང་བཀའ་གྲོས་གནང་ཡོད་འདུག

XS
SM
MD
LG