ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

༧གོང་ས་མཆོག་གིས་ཡེ་ཤི་ཡའི་དད་ལྡན་ཆོས་ཞུ་བར་གསུང་ཆོས་གནང་བ།


༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་ཉིན་གྲངས་བཞིའི་རིང་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བར་གྱུར་བའི་དད་ལྡན་མི་མང་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་བཀའ་ཁྲིད་དབུ་འཛུགས་མཛད་ཡོད་པ་དང་། དེ་རིང་འདིར་མ་སྒྲིག་ལྷུན་གྲུབ་ལྟ་བུར་དགའ་ལྡན་ཁྲི་པ་གསར་པ་ཁྲི་ཐོག་༡༠༤ རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་མཇལ་ཁ་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ། གསུང་ཆོས་དེར་འཛམ་གླིང་རྒྱལ་ཁབ་༦༧ ཙམ་ནས་ཕེབས་ཡོད་པ་དང་སྐད་ཡིག་མི་འདྲ་བ་བརྒྱད་ཀྱི་ཐོག་ཐད་ཀར་གསུང་བསྒྱུར་ཞུ་བཞིན་ཡོད་པ་མ་ཟད་གསུང་ཆོས་ཁག་དྲ་རྒྱའི་བརྒྱུད་ལམ་ནས་ཐད་ཀར་རྒྱང་སྲིང་ཀྱང་གནང་བཞིན་ཡོད་པ་རེད། དེའི་སྐོར་ཞིབ་འཕྲའི་གནས་ཚུལ་ང་ཚོའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG