ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་ཝོས་ཏ་ཝ་ནར་ཕེབས་མ་ཐུབ་པ་དེར་ཐུགས་ཕམ་བྱུང་གསུངས་འདུག



བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨཕྷི་རི་ཀའི་རྒྱལ་ཁབ་ཝོས་ཏ་ཝ་ནིར་ཆིབས་སྒྱུར་གནང་མ་ཐུབ་པ་དེར་ཐུགས་ཕམ་ཆེན་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག ཡུལ་དེའི་སྲིད་འཛིན་ཨན་ ཀ་མས་མགོན་པོ་མཆོག་ཆིབས་སྒྱུར་གནང་ཐུབ་རྒྱུར་ལྷག་བསམ་རྣམ་དག་གིས་འབད་བརྩོན་ཧ་ཅང་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག དེ་ཡང་རེས་གཟའ་པ་ཕུར་བུའི་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་བྷོས་ཏ་ཝ་ནར་ཚོགས་བཞིན་པའི་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུར་བསྩལ་པའི་གསུངས་འཕྲིན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བགྲོ་གླེང་ཚོགས་འདུ་དེར་ཆིབས་སྒྱུར་གནང་རྒྱུར་ཐུགས་འདུན་ཆེན་པོ་ཡོད་ནའང་། བར་ལམ་ལ་དྭགས་ཁུལ་དུ་མཛད་འབྲེལ་ཆེན་པོ་བྱུང་བ་དང་། དེ་ལ་བརྟེན་ནས་སྐུ་ཐང་མཉེལ་ནས་དགུང་ནའི་བབས་ཀྱིས་རྒྱུན་རིང་གནམ་གྲུའི་ནང་འགྲུལ་བཞུད་གནང་རྒྱུ་མེད་པའི་སྨན་པས་ལམ་སྟོན་བྱུང་བར་བརྟེན་ཕེབས་ཐུབ་མེད་ནའང་། ད་ལམ་གྱི་ཆིབས་སྒྱུར་དེ་འཕར་འགྱངས་གནང་བ་ཡིན་ཞེས་གསུངས་འདུག

གསུང་འཕྲིན།
please wait

No media source currently available

0:00 0:02:54 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG