ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ལ་དྭགས་མི་མང་ཚོར་སྤྱི་ཚོགས་འཆམ་མཐུན་དགོས་པའི་བཀའ་སློབ་བསྩལ་འདུག


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཡུལ་མི་ཚོས་ཆོས་ལུགས་ནང་ཁུལ་མཐུན་ལམ་དང་སྤྱི་ཚོགས་མཐུན་སྒྲིལ་རྒྱུན་འཛིན་གང་ལེགས་བྱས་འདུག་པར་བསྔགས་བརྗོད་གནང་བ་དང་ཆབས་ཅིག ད་དུང་མུ་མཐུད་བྱེད་དགོས་པ་གལ་ཆེན་པོ་ཡིན་པའི་བཀའ་སློབ་གནང་འདུག་པ་དང་། དེ་ཡང་རེས་གཟའ་མིག་དམར་ཉིན་ལ་དྭགས་ནང་པའི་ཆོས་ཚོགས་ཀྱིས་ཆིབས་སྒྱུར་ལེགས་གྲུབ་ཀྱི་བྱེད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཐུང་ཙམ་གནང་བའི་ནང་དབང་རྟུལ་དད་པའི་རྗེས་འབྲང་ཙམ་མིན་པར་དབང་རྣོན་ཆོས་ཀྱི་རྗེས་འབྲང་བྱེད་ཐུབ་ན་ནང་པའི་ཆོས་ལོ་བརྒྱ་ཕྲག་གནས་ཐུབ་རྒྱུ་ཡིན་པས་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་གལ་ཆེ་བའི་ལམ་སྟོན་གནང་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནང་ཟླ་བ་གཅིག་ལྷག་ཙམ་གྱི་ཆོས་འབྲེལ་ཆིབས་སྒྱུར་ལེགས་པར་གྲུབ་སྟེ། ད་རིང་རྒྱ་གར་གྱི་རྒྱལ་ས་དིལླི་གསར་པར་ཞབས་སོར་བཀོད་གནང་མཛད་འདུག

XS
SM
MD
LG