ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

༧གོང་ས་མཆོག་གིས་ཧིན་རྡུའི་རྩ་ཆེའི་གྲོང་ཁྱེར་མ་ཐུ་རར་གནས་གཟིགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཧིན་རྡུའི་བླ་ཆེན་ཆེ་ཤོས་ཤིག་དང་། ཧིན་རྡུའི་ཆོས་ཚོགས་ཁག་ཅིག་གིས་ཇི་ལྟར་གདན་ཞུ་གནང་དོན་བཞིན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཁ་ཉིན་རྒྱ་གར་དབུས་ཕྱོགས་ཀྱི་ཧིན་རྡུའི་རྩ་ཆེའི་གྲོང་ཁྱེར་མ་ཐུ་རར་ཆིབ་བསྒྱུར་མཛད་ཡོད་པ་དང་། གང་ཉིད་ཀྱིས་གྲོང་ཁྱེར་དེའི་ནང་མང་ཚོགས་ལ་གསུང་བཤད་གནང་བ་དང་། གསར་འགོད་ལྷན་ཚོགས་ཤིག་ལ་གསུང་བཤད་གནང་ཡོད་པ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཞིག་ཀྱང་ཞལ་ཕྱེ་གནང་བ་སོགས་གནང་ཡོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ལ་བཅར་འདྲི་ཞུས་ཏེ་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་དེ་གསན་གྱི་རེད།

XS
SM
MD
LG