ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སློབ་དཔོན་ཆེན་མོ་ཨེ་ལིའོ་ཊི་སི་པར་ལིང་ལགས་ཀྱི་སྐུ་ཚེ་ལོ་རྒྱུས་དང་མཛད་རྗེས།


ཉེ་ལམ་བོད་རིག་པའི་མཁས་དབང་ཨེ་ལིའོ་ཊི་ སི་རར་ལིང་ལགས་ Elliot Sperling ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། དམ་པ་ཁོང་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད་ཞིབ་འཇུག་གཏིང་ཟབ་གནང་མཁན་ཞིག་རེད། གཟའ་འཁོར་འདིའི་ལས་རིམ་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་ཡོད་པའི་བོད་པའི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་དང་ཨ་རིར་ཡོད་པའི་བོད་པའི་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས། དེ་བཞིན་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ལས་འཆར་འགན་འཛིན་བསྟན་རྡོར་ལགས་བཅས་དང་ལྷན་དུ་སྐུ་ཞབས་སི་སྤིར་ལིང་ལགས་ཀྱིས་མཛད་རྗེས་དང་དམ་པ་ཁོང་ལ་རྗེས་དྲན་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG