ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

སི་པན་ཡུལ་གྱི་ཁྲིམས་ཁང་གིས་བོད་མིའི་ཞུ་གཏུགས་བསྐྱར་ཞིབ་བྱ་རྒྱུའི་ཐག་གཅོད།


སི་པན་ཡུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ བོད་ཁང་གི་འགན་འཛིན་སྐུ་ཤོག་ཐུབ་བསྟན་དབང་ཆེན་ལགས་བཅས་ཀྱིས་ རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འཛིན་གྱི་ཡོད་པའི་ཉེས་འཛུགས་བྱས་ཏེ་ སི་པན་ཡུལ་གྱི་ཁྲིམས་ཁང་ལ་དེ་སྔ་ཞུ་གཏུགས་བྱས་པར་རྒྱལ་ཁ་ཐོབ་པའི་གནས་ཚུལ་བྱུང་བ་དང་ དེ་ནས་རྒྱ་ནག་གཞུང་གིས་སི་པན་གྱི་གཞུང་ལ་གནོན་ཤུགས་སྤྲད་དེ་མཐར་ ཡུལ་དེའི་ཁྲིམས་གཞི་ལ་འགྱུར་བ་བཏང་སྟེ་ བོད་དོན་གྱོད་གཞི་དེ་བརྩི་མེད་དུ་བཏང་ཡོད་སྟབས་ དེ་ལ་ཁོང་རྣམས་ཀྱིས་ཡང་བསྐྱར་ཞུ་ལོག་བརྒྱབས་ཏེ་ལོ་གཉིས་ལྷག་ཙམ་ཞིག་སོང་བའི་རྗེས་སུ་ ད་ཆ་གཞི་ནས་ཁྲིམས་ཁང་གིས་དེ་ལ་བདག་སྤྲོད་གནང་སྟེ་ གྱོད་གཞི་དེའི་ཐད་བསྐྱར་ཞིབ་བྱ་རྒྱུའི་ཐག་གཅོད་གནང་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG