ངོ་འཕྲད་བདེ་བའི་དྲ་འབྲེལ།

ནོ་བྷེལ་ལྷན་ཚོགས་ལ་རྒྱ་གར་གྱི་སྲིད་འཛིན་དང་༧གོང་ས་མཆོག་གི་བཀའ་སློབ་གནང་རྒྱུ་ཡིན་པ།


རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་དིལླི་གསར་པའི་ནང་ནོ་བྷེལ་ཞི་བའི་གཟེངས་རྟགས་བཞེས་མཁན་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་འདུག་པ་དང་། ནོ་བྷེལ་ཞི་བའི་གཟེངས་རྟགས་བཞེས་མཁན་དབུ་ཁྲིད་རྣམ་པའི་ལྷན་ཚོགས་དེ་རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་དུ་གནང་གི་ཡོད་པ་མ་ཟད། ལྷན་ཚོགས་གོ་སྒྲིག་དང་སྐུ་མགྲོན་གཙོ་བོར་རྒྱ་གར་གྱི་སྲིད་འཛིན་པར་ནཝ་ མུ་ཁར་ཇིས་གནང་རྒྱུ་རེད་འདུག རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་སྲིད་འཛིན་པར་ནཝ་ མུ་ཁར་ཇིས་ལྷན་ཚོགས་དབུ་འབྱེད་དང་དགའ་བསུའི་གསུང་བཤད་གནང་རྒྱུ་དང་། དེ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་རྒྱུའི་མཛད་འཆར་ཡོད་པ་རེད།་ དིལླི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་གསུངས་དོན་ལ་ལྷན་ཚོགས་ཀྱི་ཉིན་གཉིས་པར་འཛམ་གླིང་ནང་དུང་ཕྱུག་གཅིག་གི་ཆེད་དུང་ཕྱུག་གཅིག་ཅེས་པའི་ལས་འགུལ་དེ་རྒྱ་གར་གྱི་སྲིད་འཛིན་གྱིས་འགོ་འབྱེད་གནང་རྒྱུ་དང་། ལས་འགུལ་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་པར་ནཝ་ མུ་ཁར་ཇི་གཉིས་ལྷན་བཞུགས་གནང་གི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG