ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

དྲག་གནོན་འཕོག་པའི་ཐོབ་ཐང་ཆེད་ཁྲིམས་རྩོད་པའི་ནང་མིའི་ཡོངས་གྲགས་ཡིག་གེ



རྒྱ་ནག་གི་དམར་ཤོག་ཚོགས་པའི་སྐབས་༡༨་པའི་ཚང་འཛོམ་གྲོས་ཚོགས་ཐེངས་༦ པ་ཚོགས་པའི་ཉིན་དེར་ པེ་ཅིང་ནང་ཟླ་ཉིང་ཕྱི་ཟླ་༧པའི་ཚེས་༩ནས་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཁྲིམས་རྩོད་པར་དྲག་གནོན་གྱི་ལས་འགུལ་སྤེལ་སྐབས་འཛིན་བཟུང་བྱས་ནས་ད་དུང་ཡང་བཙོན་འོག་ཏུ་ཡོད་པའི་ཁྲིམས་རྩོད་པའི་ནང་མི་ཚོས་སྲིད་འཛིན་ཞི་ཅིང་ཕིང་ལ་བཏང་བའི་ཡོངས་གྲགས་ཀྱི་ཡིག་གེ་ཞིག་གསལ་བསྒྲགས་བྱས་ཡོད་པ་རེད། ཡོངས་གྲགས་ཡིག་གེ་དེའི་ནང་སྲིད་འཛིན་ཞི་ཅིང་ཕིང་ཁྱེད་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་ཞེས་རྒྱུན་དུ་གསུང་གི་ཡོད་པ་ལྟར་ལོ་གཅིག་ལྷག་ཙམ་རིང་ཁྲིམས་རྩོད་པའི་ནང་མི་ཚོ་ལ་འཕྲད་པའི་ཁྲིམས་དང་མི་མཐུན་པའི་སྡིག་སྐུལ་དང་བསུན་བཙིར་འདྲ་མིན་འཕོག་པའི་གནས་སྟངས་ལ་ཆེས་མཐོའི་དབུ་ཁྲིད་ཀྱི་ངོས་ནས་མཁྱེན་རྟོགས་དང་འཛིན་བཟུང་འོག་ཡོད་མུས་ཡིན་པའི་ཁྲིམས་རྩོད་པ་ཚོ་གློད་བཀྲོལ་གནང་རོགས་ཅེས་སོགས་བཀོད་ཡོད་པ་རེད།

XS
SM
MD
LG