ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་༡༠་ཚེས་༡༠་འདི་སུང་ཀྲུང་ཧྲན་གྱིས་རྒྱ་ནག་ལ་ཀྲུང་ཧྭ་མིན་གོ་བཙུགས་པའི་རྒྱལ་སྟོན་དུས་ཆེན་ཡིན་པ་དང་། ༡༩༤༩་ལོར་གོ་མིན་ཏང་ཐེ་ཝན་ལ་བྲོས་བྱོལ་དུ་སོང་བའི་རྗེས་སུའང་ཕྱི་ཟླ་༡༠་ཚེས་༡༠་ཉིན་གྱི་རྒྱལ་སྟོན་དུས་ཆེན་མུ་མཐུད་དུ་སྲུང་བརྩི་ཞུས་ཏེ། ད་ལྟ་ཚེས་གྲངས་འདི་ཐེ་ཝན་གྱི་རྒྱལ་སྟོན་དུས་ཆེན་ལ་གྱུར་ཡོད་ཅིང་། དེར་བརྟེན་དེ་རིང་གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱལ་སྟོན་དུས་ཉིན་གཏམ་བཤད་བྱས་ཏེ། ཁོང་གིས་ཉེ་བའི་ཟླ་ཤས་ཤིག་ནས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཞི་འཇམ་མེད་པ་ངོས་ལེན་བྱས་པ་དང་། ཐེ་ཝན་གྱིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་ཐབས་མེད། ང་ཚོ་རྒྱ་ནག་ལ་འཁྲུག་འཛིང་བྱེད་པའི་སྔོན་མའི་དུས་སྐབས་རྙིང་པ་དེར་ཕྱིར་ལོགས་བྱ་འདོད་ཀྱང་མེད། རྒྱ་ནག་གིས་ཐེ་ཝན་ལ་སྲིད་གཞུང་ཞིག་ཡོད་པ་དང་མཚོ་གླིང་འདིར་དམངས་གཙོའི་ལམ་སྲོལ་ཞིག་དར་ཡོད་པའི་དངོས་ཡོད་གནས་སྟངས་ལ་ངོས་ལེན་བྱ་དགོས། མཚོ་འགག་ཕྱོགས་གཉིས་མར་བསྡད་དེ་གྲོས་མོལ་གང་མགྱོགས་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

XS
SM
MD
LG