ངོ་འཕྲད་བདེ་བའི་དྲ་འབྲེལ།

ལོ་གཉིས་ཀྱི་གོང་དུ་པེ་ཅིང་ལ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཚོགས་ཏེ། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རང་དབང་ཚོང་ལས་ཀྱི་མངའ་ཁུལ་ཞིག་འཛུགས་དགོས་པ་དང་། ཚོགས་འཐུས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་རང་དབང་ཚོང་ལས་ཀྱི་མངའ་ཁུལ་ཞིག་འཛུགས་པའི་གྲོས་མོལ་གང་མགྱོགས་བྱ་དགོས་ཞེས་ནན་སྐུལ་བྱས་ཡོད་ཅིང་། གཟའ་འཁོར་འདིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཕེ་རུ་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་རང་དབང་ཚོང་ལས་ཀྱི་མངའ་ཁུལ་ཞིག་གསར་འཛུགས་བྱ་ཐུབ་རྒྱུ་ཡིན་མིན་ཀྱི་ཞིབ་འཇུག་ཆ་ཚང་ཞིག་བྱས་ཚར་ཡོད། ང་ཚོས་ལོ་འདིའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམས་ལ་ཞིབ་འཇུག་གི་རྙེད་དོན་རྣམས་འགྲེམ་སྤེལ་བྱ་འཆར་ཡོད་ཅེས་བཤད་འདུག

XS
SM
MD
LG