ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧྥ་རནསིའི་མི་དམངས་བརྒྱ་ཆ་༨༦གིས་སྲིད་འཛིན་ནས་༧གོང་ས་མཆོག་དང་མཇལ་འཕྲད་དགོས་པའི་བསམ་ཚུལ་བཏོན་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་༡༢ ནས་ཧྥ་རནསིའི་རྒྱལ་ས་པེ་རེསེ་ལ་ཆིབས་བསྒྱུར་གནང་ཡོད་ཅིང་། ཁུལ་དེར་ཁྲིམས་རྩོད་པའི་མཐུན་ཚོགས་དང་ཆོས་ལུགས་མཐུན་བསྒྲིལ་གྱི་མཛད་འཆར་ཁག་ཅིག་ཐོག་ཆེད་ཕེབས་གནང་ཡོད། ཡང་ཧྥ་རནསིའི་མི་དམངས་ཁྲོད་བསམ་ཚུལ་བསྡུ་ལེན་གནང་བའི་ནང་བརྒྱ་ཆ་༨༦གིས་ཧྥ་རནསི་ཡི་སྲིད་འཛིན་གྱིས་ད་རེས་༧གོང་ས་མཆོག་དང་གཞུང་འབྲེལ་གྱི་མཇལ་འཕྲད་གནང་དགོས་ཞེས་ནན་སྐུལ་གནང་ཡོད་པ་སོགས་ཀྱི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཅའ་འདྲི་དང་ཕྱོགས་བསྒྲིགས་གནང་བ་ཞིག་གསན་རོགས་གནང་།

XS
SM
MD
LG