ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༣/༡༢/༠༦

རྒྱ་ནག་གཞུང་གིས་བོད་མི་ཞི་རྒོལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་བཅད་བཏང་ཡོད་པ།


བོད་མདོ་སྨད་རྔ་བ་ཁུལ་ནས་ཡིན་པའི་ངོ་རྒོལ་སྐད་འབོད་གནང་མཁན་རྔ་བ་ཀིཏི་དགོན་པའི་དགེ་འདུན་པ་འཇམ་དཔལ་རྒྱ་མཚོ་ལགས་ལ་རྒྱ་ནག་གཞུང་གིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད། ས་གནས་ཀྱི་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་གནང་གསལ་ལ། རྒྱ་ནག་གཞུང་གིས་དགུང་ལོ་༢༢ལ་ཕེབས་པའི་དགེ་འདུན་པ་འཇམ་དཔལ་རྒྱ་མཚོ་ལགས་ལ་གསང་བའི་ཐོག་ནས་ཁྲིམས་ཞིབ་བྱས་ཤིང་། ཁྲིམས་རྭ་ཚོགས་པའི་སྐབས་ཁོང་གི་ཕ་མ་ཚུད་པའི་དགའ་ཉེ་སྤུན་མཆེད་སོགས་སུ་ཞིག་ཀྱང་ཁྲིམས་རྭའི་ནང་བཏང་མེད་པ་མ་ཟད། ཁྲིམས་རྩོད་དག་འབུད་པ་ཡང་འཚོལ་བཅུག་མེད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གཞུང་གིས་ཁོང་ལ་ལོ་གསུམ་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནས་ཚུལ་ནང་མི་ཚོས་འདི་ཟླའི་ཚེས་༡ ཉིན་གཞི་ནས་ཤེས་རྟོགས་བྱུང་བའི་ཐོག་ཁོང་རྔ་བ་རྫོང་ནས་རྒྱང་ཐག་མེ་ལེ་༢༡༧ སར་ཡོད་པའི་མོ་ཞན་བཙོན་ཁང་དུ་བཙོན་བཅུག་བྱས་ཡོད་པ་ཤེས་རྟོགས་བྱུང་བའི་སྐོར་ས་གནས་ནས་འབྲེལ་ཡོད་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་འདུག

XS
SM
MD
LG