ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་གར་གྱི་དཔོན་རིགས་ཁག་དང་མཇལ་འཕྲད།


བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུ་ཁྲིད་པའི་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཚེས ༢༦ ནས་དབུ་བཙུགས་ཀྱིས་རྒྱ་གར་དབུས་གཞུང་གི་ཆེས་མཐོའི་བློན་ཆེན་ཁག་ཅིག་དང་། གྲོས་ཚོགས་འཐུས་མི་བཅས་དཔོན་རིགས་ཁག་མཇལ་འཕྲད་ དང་དེ་བཞིན་སྲིད་དོན་ཚོགས་ ༨ ཀྱི་དབུས་གྲོས་ཚོགས་གོང་འོག་གི་འཐུས མི་༢༩ དང་བློན་ཆེན ༥ གཞན་ཡང་ལྡི་ལི་ཉེན་རྟོག་པའི་སྤྱི་ཁྱབ་པ་དང་མཁས་དབང་སོགས་གནད་ཡོད་མི་སྣ་མང་པོར་མཇལ་འཕྲད་གནང་ནས་བོད་དང་བོད་མིའི་གནས་སྟངས་ཡིག་ངག་གཉིས་ནས་ཞིབ་ཕྲ་སྙན་གསང་ཞུས་གནང་བའི་སྐོར་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་གྱི་རེད།

XS
SM
MD
LG