ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༥/༡༥

རྒྱ་ནག་སྐམ་སའི་མི་རྣམས་ཐེ་ཝན་བརྒྱུད་དེ་རྒྱལ་ཁབ་གཞན་ལ་བསྐྱོད་ཆོག་པ་བཟོས་ཡོད་པ།


རྒྱ་ནག་གཞུང་གིས་ ཡུལ་དེའི་གྲོང་ཁྱེར་གསུམ་ནས་གནམ་གྲུའི་ནང་ཐེ་ཝན་ལ་སྐྱོད་མཁན་རྣམས་ ཐེ་ཝན་ནས་རྒྱལ་ཁབ་གཞན་ལ་བསྐྱོད་འདོད་ཡོད་པ་ཡིན་ན་བསྐྱོད་ཆོག་པ་ཡིན་ཞེས་ གཟའ་མིག་དམར་ཉིན་ གསལ་བསྒྲགས་བྱས་ཡོད་པ་དེ་ནི་ ཐོག་མ་དེ་ཡིན་པ་རེད་ ད་ལྟ་བར་དུ་ རྒྱ་ནག་སྐམ་སའི་མི་རྣམས་ཐེ་ཝན་ལ་བསྐྱོད་ཆོག་པ་མ་གཏོགས་ ཐེ་ཝན་ནས་རྒྱལ་ཁབ་གཞན་ལ་བསྐྱོད་ཆོག་གི་མེད་པས་ ད་རེས་རྒྱ་ནག་གཞུང་གི་ཕྱོགས་ནས་དེ་ལ་འགྱུར་བ་ཕྲན་བུ་ཞིག་གཏོང་རྒྱུའི་ཐག་གཅོད་བྱས་པར་ ཐེ་ཝན་གཞུང་དང་ཕྱོགས་གཉིས་ཀའི་གནམ་གྲུའི་ལས་ཁང་བཅས་ཀྱིས་དགའ་བསུ་ཞུ་གི་ཡོད་འདུག

XS
SM
MD
LG