ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༣/༢༢

བོད་རང་སྐྱོང་ལྗོངས་སུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་འགལ་བའི་མི་སྣ་བཅོ་ལྔ་ལ་ཞིབ་བཤེར་བྱས་ཡོད་ཟེར།


རྒྱ་ནག་གཞུང་གིས་༢༠༡༤ལོར་བོད་རང་སྐྱོང་ལྗོངས་ཁུལ་དུ་ཏང་གི་ཆབ་སྲིད་ཀྱི་ སྒྲིག་ཁྲིམས་དང་འགལ་བའི་མི་སྣ་བཅོ་ལྔ་ལ་ཞིབ་བཤེར་བྱས་ཡོད་ཅེས་གནས་ཚུལ་ཕྱིར་བསྒྲགས་བྱས་པ་དང་མི་དེ་དག་གིས་ཏཱ་ལའི་ཤོག་ཁག་ལ་གསང་བའི་གནས་ཚུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞིའི་ལས་འགུལ་ཁག་ལ་རོགས་དངུལ་སྤྲད་པ་སོགས་དང་འབྲེལ་བ་ཡོད་ཅེས་གསར་འགྱུར་ཐོག་གནས་ཚུལ་སྤེལ་ཡོད་པ་རེད་ རྒྱ་ནག་གཞུང་གིས་བོད་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་ནང་སྒྲིག་ཁྲིམས་དང་འགལ་བའི་གནས་ཚུལ་དེ་ཚོ་ཡང་ཆབ་སྲིད་ཀྱི་ངོ་བོར་ཁ་སྒྱུར་བྱེད་ཀྱི་ཡོད་རེད་ཅེས་དབྱེ་ཞིབ་པས་གསུང་གི་ཡོད་པ་རེད།

XS
SM
MD
LG