ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་མི་མང་གི་སྤྱི་འཐུས་ཚོགས་ཆུང་ཞིག་ཐེ་ཝན་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་པ།


བོད་མི་མང་གི་སྤྱི་འཐུས་ཚོགས་ཆུང་ཞིག་ཐེ་ཝན་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་སྐབས་ཐེ་ཝན་དུ་བོད་དོན་གོ་རྟོགས་སྔར་ལྷག་སྤེལ་ཐབས་གནང་བ་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཀྱི་ཚོགས་གཙོ་སོགས་དང་མཇལ་འཕྲད་གནང་ཡོད་པ་རེད། ཁོང་རྣམ་པས་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གྲོས་མོལ་གནང་བ་དང་། བོད་དོན་སྐོར་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་འདུར་གཏམ་བཤད་དང་བསམ་ཚུལ་བརྗེ་རེས་གནང་པ་རེད། སྤྱི་འཐུས་ཚོགས་ གཞོན་གྱིས་སྣེ་ཁྲིད་པའི་སྤྱི་འཐུས་ཚོགས་ཆུང་གིས་ཐེ་ཝན་དུ་ཕྱོགས་བསྐྱོད་གྲུབ་རྗེས་ཐེ་ལེན་ཌིའི་ རྒྱལ་སར་ཕེབས་ཏེ་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་འཆར་ཡོད་པ་དང་། ཕྱོགས་བསྐྱོད་འདི་ རིགས་ནི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང་བོད་དོན་ཁྱབ་བསྒྲགས་ཤུགས་ཆེ་རུ་གཏོང་བའི་འབད་ བརྩོན་བྱེད་རིམ་གྱི་ཆ་ཤས་ཞིག་ཡིན་པ་རེད།

XS
SM
MD
LG