ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས།


བོད་ཀྱི་དཔེ་མཛོད་ཁང་ནས་བཞུགས་སྒར་དུ་འཇིག་རྟེན་ཁམས་ཀྱི་རིག་པ་དང་ རྣམ་པར་ཤེས་པའི་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་གསུམ་པར་མཐུན་སྒྲིག་ དང་བདེ་སྐྱིད་ཞེས་པའི་བརྗོད་གཞིའི་ཐད་ལ་ཉིན་གསུམ་གྱི་རིང་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པརེད་ ལྷན་ཚོགས་དེའི་ཐོག་ རྒྱ་གར་དང་ཨ་ རི་ཡུ་རོབ་སོགས་ནས་ནང་ཆོས་ཐད་ཀྱི་མཁས་པ་མང་པོ་མཉམ་བཞུགས་གནང་ ཡོད་པ་དང་ ལྷན་ཚོགས་དབུ་འཛུགས་སྐབས་བོད་ཀྱི་དཔེ་མཛོད་ཁང་གི་འགན་ འཛིན་དགེ་བཤེས་ལྷག་རྡོར་ལགས་དང་ཤེས་རིག་བཀའ་བློན་མཆོག་གིས་གསུང་ བཤད་གནང་ཡོད་པ་རེད། དེའི་སྐོར་ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་ འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG