ཁམས་དཀར་མཛེས་རྫོང་ཁོངས་དར་རྒྱས་དགོན་པའི་དགེ་འདུན་པ་ངག་དབང་བློ་བཟང་ལགས་ལོ་གསུམ་བཙོན་འཇུག་གི་དུས་བཀག་རྫོགས་ཏེ་གློད་བཀྲོལ་ཐོབ་ཡོད་པའི་སྐོར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུང་དགོན་དུ་ཡོད་པའི་ཆོས་རྒྱལ་མཚན་ལགས་ལ་བཀའ་འདྲི་ཞུས་པ་ཞིག་དང་། དེ་བཞིན་ཉེ་ཆར་བཀག་ཉར་བྱས་པའི་བོད་ཀྱི་གླུ་པ་དགེ་བྷེ་དངུལ་གྱི་གཏའ་མ་བཞག་ཏེ་གློད་བཀྲོལ་ཐོབ་པའི་གནས་ཚུལ་ཐོན་པ་སོགས་ཀྱི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།