ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱང་སྲིང་དུས་ཚོད།

༠༨:༠༠ - ༠༨:༥༩

སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༢༥

ཉེ་ཆར་ཡེ་ཤུའི་བླ་ཆེན་ཕོབ་ཕུ་ཡིས་དཔེ་དེབ་གསར་བ་ཞིག་བཏོན་ཡོད་པའི་ནང་དུ་རྒྱ་ནག་ཏུ་ཡུ་གུར་བ་རྣམས་ཀྱིས་མནར་གཅོད་མྱངས་གི་ཡོད་པའི་གནས་ཚུལ་བཤད་ཡོད་པ། རྒྱ་ནག་གི་དམག་དཔུང་གིས་འབྲུག་ཡུལ་གྱི་ས་མཚམས་སུ་ལམ་དང་ཟམ་པ། འཐབ་ར་སོགས་དམག་དོན་ཐད་ཀྱི་འཛུགས་སྐྲུན་བྱེད་ཀྱི་འདུག་ཅེས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་ཡོད་པ། ཟླ་འདིའི་ནང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་བལ་ཡུལ་དུ་རྒྱལ་དོན་འཚམས་འདྲིར་ཕྱིན་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཐད་གྲོས་མོལ་བྱེད་འཆར་ཡོད་པ། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇོ་བྷད་ཊན་གྱིས་མ་འོངས་བའི་འཛིན་སྐྱོང་གཞུང་གི་མགོ་ཁྲིད་མི་སྣ་བསྐོ་འཇོག་བྱེད་ཕྱོགས་ཐད་དབྱེ་ཞིབ་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།

༢༢:༠༠ - ༢༣:༠༠

དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༡༡ ཚེས་༢༥

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་དུ་༧གོང་ས་མཆོག་གིས་ནང་ཆོས་དང་ཚན་རིག བྱམས་བརྩེའི་ཐད་བཀའ་མོལ་གནང་བ་དང་། བྷ་ཌན་གཞུང་གིས་བློན་ཆེན་ཁག་ཅིག་འདེམས་སྒྲུག་བྱས་པ། ཏོག་དབྱིབས་རིམས་ནད་ཀྱི་འགོག་ཁབ་ལ་གྲུབ་འབྲས་ཡག་པོ་ཐོན་བཞིན་པ་དང་། ཨ་ཧྥ་གྷ་སི་ཊན་དུ་ཡོད་པའི་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱེད་ཀྱིན་ཡོད་པའི་གསར་འགྱུར་སོགས་ཡོད། ཐེངས་འདིའི་ཀུན་གླེང་དུ་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལ་ཉེ་ཆར་ཨ་རིའི་ཕོ་བྲང་དཀར་པོ་དང་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣར་གཞུང་འབྲེལ་མཇལ་འཕྲད་གནང་བ་དང་། ཨ་རིའི་གཞུང་གི་སྲིད་དོན་ཚོགས་པ་ལ་ལྟོས་མེད་ཀྱི་བོད་དོན་རྒྱབ་སྐྱོར་ཐད་བཅར་འདྲི་ཞུས་པ་དང་། བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་ལངས་མཁན་ཁག་ཅིག་གིས་ཨ་རིའི་རླུང་འཕྲིན་ཁང་བརྒྱུད་སོ་སོ་ངོ་སྤྲོད་བྱས་ཡོད།།

XS
SM
MD
LG