ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༡

རྒྱང་སྲིང་དུས་ཚོད།

༠༨:༠༠ - ༠༨:༥༩

སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༡༨

ཡོ་རོབ་རྒྱལ་ཁབ་སི་བས་སི་རུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བོད་དང་ཞིན་ཅང་གི་གནད་དོན་ཐད་སྔར་ལས་ལྷག་པའི་དོ་སྣང་ཞུ་དགོས་པའི་ཐད་སི་བས་སི་ཡི་ཕྱི་སྲིད་ལས་ཁུངས་ལ་འབོད་སྐུལ་ཞུས་ཡོད་པ། དེང་སྐབས་འཛམ་གླིང་རྒྱལ་ཁབ་མང་པོས་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་བཟོ་སྐྲུན་བྱེད་བཞིན་པ་ལྟར་རྒྱ་གར་གྱི་རིམས་འགོག་སྨན་ཁབ་གསར་བཟོའི་ཐད་ནས་ཀྱང་གྲུབ་འབྲས་ལེགས་པོ་ཐོན་ཡོད་པ། སྐུ་ཞབས་ཇོ་བྷད་ཊན་གྱིས་ཕོ་བྲང་དཀར་པོའི་གནད་ཡོད་ལས་བྱེད་བསྐོ་འཇོག་གི་ཐད་མི་སྣ་ཁག་ཅིག་མཚན་འདོན་གནང་ནས་མ་འོངས་བར་སྲིད་འཛིན་གྱི་ལས་འགན་འཁུར་རྒྱུར་གྲ་སྒྲིག་བྱེད་བཞིན་པ། ཐེ་ལན་ཊི་རྒྱལ་ཁབ་དུ་མི་མང་གིས་ངོ་རྒོལ་བྱས་པའི་གནོན་ཤུགས་ལ་བརྟེན་ནས་གྲོས་ཚོགས་ཀྱིས་རྩ་ཁྲིམས་བཅོས་སྒྱུར་ལ་བགྲོ་གླེང་བྱེད་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།

༢༢:༠༠ - ༢༢:༥༩

དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༡༡ ཚེས་༡༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་ཀྱི་གཞོན་ནུ་ཚོགས་པས་ཧིན་བོད་ས་མཚམས་བར་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་འགོ་ཚུགས་པ་དང་། ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་ལེགས་འགྲུབ་ཡོང་བཞིན་པ། མི་མང་གིས་ནད་ཡམས་འདིར་ཇི་མི་སྙམ་པའི་སྣང་ཚུལ་ཡོང་བཞིན་པ། བཙན་བྱོལ་བོད་མི་ཁྲི་༨ ཙམ་གྱིས་འོས་བསྡུའི་ཐོ་འགོད་བྱས་པ་སོགས་ཀྱི་གསར་འགྱུར་ཡོད། དེ་རིང་གི་ཀུན་གླེང་དུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གིས་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ནང་འོས་མིར་ལངས་མཁན་དག་ལ་དམིགས་བསལ་བཅར་འདྲི་ཞུ་བཞིན་པའི་ལེ་ཚན་ལས་སྐལ་རྡོར་ལགས་དང་བཀྲ་ཤིས་དབང་ཕྱུག་ལགས་རྣམ་གཉིས་ལ་དམིགས་བསལ་བཅར་འདྲི་ཞུས་པ་གཟིགས་འབུལ་ཞུ་རྒྱུ་ཡིན།

XS
SM
MD
LG