དེ་རིང་གཟའ་པ་སངས་ཉིན་ཨིན་རྡུ་ནེ་ཤེ་ཡའི་Bali གླིང་ཕྲན་ཐོག་འཚོག་བཞིན་པའི་G20 ཞེས་པའི་ལྷན་ཚོགས་ཐོག་ཏུ་ཨུ་རུ་སུས་ཡུག་ཀེ་རན་ལ་དམག་གི་བཙན་འཛུལ་བྱེད་པའི་གནས་སྟངས་སྐོར་ལ་དོ་སྣང་ཤུགས་ཆེ་སླེབས་གི་ཡོད་པ་དང་། ཨ་རི་དང་རྒྱ་ནག ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ཚུད་པའི་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་ལས་སྣེ་ཚོ་མཉམ་ཞུགས་བྱས་ཡོད།
རེས་གཟའ་ཉི་མའི་ཉིན་ཏུར་ཀིའི་ཕྱོགས་ནས་ཨུ་རུ་སུའི་དངོས་ཟོག་སྐྱེལ་འདྲེན་བྱེད་སའི་གྲུ་གཟིངས་ཤིག་གིས་ཡུག་ཀེ་རན་གྱི་འབྲུ་རིགས་རྐུ་ཁྱེར་བྱས་ཡོད་པའི་དོགས་གཞི་འོག་བཀག་ཉར་བྱས་ཏེ། ད་ལྟ་ཡུག་ཀེ་རན་དང་ཏུར་ཀི་རྒྱལ་ཁབ་གཉིས་ནས་དོན་རྐྱེན་དེ་ལ་ཞིབ་བཤེར་བྱེད་བཞིན་ཡོད་པའི་སྐོར། ཚེ་རིང་དབང་མོས་སྙན་སྒྲོན་ཞུ་ཡི་རེད།།
སྤྱི་ཟླ་༦ པའི་ཚེས་༢༧ ཉིན་ཨུ་རུ་སུ་ལ་དུས་རབས་མང་པོའི་རིང་ལ་བྱུང་མྱོང་མེད་པའི་བུ་ལོན་ཉམས་ཉེས་ཐོག་མ་དེ་བྱུང་། ད་ལྟ་ཨུ་རུ་སུའི་སྲིད་གཞུང་གིས་ཉམས་ཉེས་དེ་ལྡོག་ཐབས་སུ་ཡུག་ཀེ་རན་གྱི་དམག་འཁྲུག་རྐྱེན་ཨུ་རུ་སུའི་ནང་ཚོང་ཟོག་གི་རིན་གོང་འཕར་བ་དང་དང་ཚོང་ཟོག་མཁོ་སྤྲོད་མི་འདང་བའི་དཀའ་ངལ་སེལ་ཐབས་བྱེད་ཀྱིན་ཡོད།
དེ་རིང་སྤྱི་ཟླ་བདུན་པའི་ཚེས་གཅིག་ཏེ་ཧོང་ཀོང་དེ་བཞིན་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་མི་ལོ་༢༥ འཁོར་བའི་དུས་དྲན་གྱི་དབུ་འབྱེད་མཛད་སྒོ་དང་སྐབས་༦ པའི་ཧོང་ཀོང་སྤྱི་ཁྱབ་གསར་པའི་དམ་འབུལ་མཛད་སྒོའི་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་མཉམ་ཞུགས་བྱས་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་མི་ཤཱེལ་ བྷེ་ཆི་ལེ་ལགས་ནས་ཁོ་རང་ད་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་༣༡ ཉིན་ལ་ལས་གནས་ནས་རྩ་དགོངས་ཞུ་རྒྱུ་ཡིན་པར་གསུངས་འདུག ཟླ་བ་སྔོན་མར་ཁོ་མོ་རྒྱ་ནག་ལ་གཟིགས་སྐོར་ཕེབས་བའི་ཐད་རྩོད་གླེང་བྱུང་བ་ནི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་འདྲ་འདུག
ཨ་མེ་རི་ཁའི་ཆེས་མཐོའི་ཁྲིམས་ཁང་གསར་འཛུགས་གནང་ནས་ད་བར་གྱོད་དོན་ཁྲི་ཕྲག་མང་པོའི་སྐོར་ལ་ཞིབ་བཤེར་དང་ཐག་གཅོད་གནང་ཡོད་ཅིང་། ལྷག་པར་དུ་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྒྲིག་གཞི་གཏན་འབེབས་གནང་སྟེ་ཨ་རིའི་སྤྱི་ཚོགས་ཀྱི་ཕྱོགས་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད།
སྲིད་འཛིན་བྷ་ཌན་མཆོག་ཡུ་རོབ་ནང་གི་ལྷན་ཚོགས་ཆེན་པོ་གཉིས་ཏེ་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ལྷན་ཚོགས་ཐོག་ཏུ་ཕེབས་ནས་ཨུ་རུ་སུས་ཡུག་ཁེ་རན་ལ་བཙན་འཛུལ་བྱེད་བཞིན་པའི་གནས་སྟངས་དང་། དེ་བཞིན་རྒྱ་ནག་གི་ཤུགས་རྐྱེན་ལ་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་ཐོག་བགྲོ་གླེང་གནང་འཆར་ཡོད།།
གཟའ་འཁོར་འདིའི་ནང་ཡུ་རོབ་མནའ་འབྲེལ་གྱི་མཐོ་རིམ་དཔོན་པོ་༢༧དང་། གཞན་Moldova་དང་Georgiaགི་འབྲེལ་ཡོད་དཔོན་རིགས་ཚོས་Brussels་ས་གནས་ལ་འདུ་འཛོམས་ཀྱིས་ཡུག་ཁེ་རན་རྒྱལ་ཁབ་དེ་བཞིན་ཡུ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་སུ་འཛུལ་བཞུགས་བྱ་རྒྱུའི་ཐད་ཚོགས་འདུ་འཚོགས་ཡོད།
ད་ལྟ་ཨུ་རུ་སུ་དང་རྒྱ་ནག་གི་ཉེན་ཁ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་ལ་དམིགས་ནས། ཨ་མེ་རི་ཁའི་དམག་ཕྱོགས་ནས་Alaska་མངའ་སྡེ་ནང་གི་Eielsonམཁའ་དམག་རྟེན་གཞི་ལ་ཨ་སྒོར་དུང་ཕྱུར་བཅུ་ཕྲག་འགའ་ཤས་འགྲོ་སོང་བཏང་ནས་ཡར་རྒྱས་གཏོང་བཞིན་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།
བདེན་རྫུན་གོ་འབྱེད། ཐེ་ཝན་མཚོ་འགག་ནི་རྒྱལ་སྤྱིའི་མཚོ་ཁོངས་མིན་སྐད།
བདེན་རྫུན་གོ་འབྱེད། ཡང་དག་པའི་དམངས་གཙོ་གཏོར་རྗེས། ཞི་ཅིན་ཕིང་གིས་ཧོང་ཀོང་ནི་དམིགས་དཔེར་སྟོན།
ཐེངས་འདིའི་ཀུན་གླེང་ལས་རིམ་ནང་རྒྱ་ནག་དམར་ཤོག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་འཆར་གཞི་དང་དེའི་ཤུགས་རྐྱེན་སོགས་ཀྱི་སྐོར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱལ་ལགས་སུ་བགྲོ་གླེང་ཞུས་ཡོད།།
རྒྱ་ནག་གིས་བཙན་བྱོལ་ནང་ཡོད་པའི་ཡུ་གུར་བ་དང་ཧོང་ཀོང་བ། བོད་པ་དང་སོག་པོ། རྒྱ་ནག་དམར་ཤོག་གཞུང་དང་ཆབ་སྲིད་ལྟ་གྲུབ་ཐ་དད་འཛིན་མཁན་ཚོར་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཤུགས་ཆེ་བྱེད་མུས་ཡོད་པར་བརྟེན། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རེས་གཟའ་ལྷག་པའི་ཉིན་ཉན་ཞིབ་ཚོགས་འདུ་ཞིག་སྐོང་འཚོགས་གནང་།
ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་པར་བརྟེན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཟོ་ཚོང་ཁང་མང་པོ་ཞིག་ཨུ་རུ་སུ་ནས་ཕྱིར་འཐེན་བྱས་ཡོད་པ་དང་སྟབས་བསྟུན། ཉེ་དུས་མོ་སི་ཀོའི་ནང་དུ་ཨ་རིའི་ཟ་ཁང་McDonald ཚབ་ལ་དེ་དང་རིགས་འདྲ་ཡིན་པའི་ཟ་ཁང་རྫུན་མ་ཞིག་སྒོ་ཕྱེས་ཏེ་ཨུ་རུ་སུས་རང་ཁ་རང་གསོ་བྱ་རྒྱུའི་ཆབ་སྲིད་ཀྱི་བརྡ་ལན་ཞིག་བསྟན།
རྒྱ་ནག་གིས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཞེས་པ་ལག་ལེན་བསྟར་བ་དེས་རྒྱ་ནག་མི་དམངས་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་ཡོད་མེད་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལ་བཅར་འདྲི་ཞུས་ཡོད།།