བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ཏོག་ནད་གསར་འགོད་ལྷན་ཚོགས།

༄༅།། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་ལྷན་ཚོགས་ཐེངས་༡༦་དེ་དྲྭ་ལམ་དུ་ཚོགས་ཡོད་ཅིང་། འདས་པའི་གཟའ་འཁོར་དེར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ནད་དུག་འགོས་པའི་བོད་པ་བུད་མེད་གཉིས་གསར་དུ་ཐོན་འདུག དེ་མིན་རྒྱ་བལ་འབྲུག་གསུམ་གྱི་བོད་པ་བཙན་བྱོལ་བའི་ཚོགས་སྡེ་ཁག་ཏུ་ནད་དུག་འགོས་པའི་ནད་པ་གསར་པ་ཐོན་པའི་གནས་ཚུལ་བྱུང་མེད་ཅེས་འགྲེལ་བརྗོད་གནང་སོང་བའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

Your browser doesn’t support HTML5

བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ཏོག་ནད་གསར་འགོད་ལྷན་ཚོགས།