ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་པ་སངས། ༢༠༢༦/༠༢/༠༦
བོད།
རྒྱ་གཞུང་གིས་བོད་པ་༢་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ།
༡༣།༠༧།༢༠༢༠
རྒྱ་གཞུང་གིས་བོད་པ་༢་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། རྒྱ་ནག་གཞུང་གིས་དབྱེ་བགོ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྩེ་ཁོག་རྫོང་གི་རྡོ་དཀར་ཡུལ་ཚོ། རྡོ་དཀར་སྡེ་པའི་རུ་ཆུང་དང་པོའི་བོད་པ་ན་གཞོན་མཁའ་འགྲོ་ཚེ་བརྟན་ཞེས་པ་ཞིག་ལ་རྒྱ་ནག་གཞུང་གིས་༢༠༡༩་ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེ་བསྟོད་ཀྱི་གླུ་ཚིག་བརྩམས་པའི་ནག་ཉེས་བཙུགས་ནས་ལོ་འདིའི་ཕྱི་ཟླ་༧་པའི་ཟླ་མགོར་ལོ་བདུན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། ༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གླུ་དབྱངས་ལེན་མཁན་ེས་པ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག
དེ་ཡང་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་པ་ལྟར་ན། མཁའ་འགྲོ་ཚེ་བརྟན་དང་ཚེ་རྒོ་གཉིས་ལ་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་བཏགས་ནས་ཁྲིམས་ཐག་བཅད་ཡོད་ཅིང་། འདི་ནི་ལོ་བདུན་གྱི་ཁྲིམས་ཆད་ཕོག་མཁན་མཁའ་འགྲོ་ཚེ་བརྟན་ལ་མཚོན་ན་འཛིན་བཟུང་བཙོན་འཇུག་བྱས་པ་ཐེངས་གཉིས་པ་ཡིན་འདུག ༢༠༡༠་ལོར་རེབ་གོང་དུ་བོད་པའི་སློབ་ཕྲུག་ཚོས་བོད་ཡིག་བོད་སྐད་ཀྱི་ཐོབ་ཐང་དོན་དུ་ངོ་རྒོལ་ལས་འགུལ་སྤེལ་བ་དེར་ཞུགས་ནས་༢༠༡༢་ལོའི་ཕྱི་ཟླ་༡༢་པར་བཟུང་། ཁོ་པ་༢༠༡༤་ལོའི་ཟླ་༧་པ་བར་དུ་ལོ་གཉིས་མ་ཟིན་ཙམ་ལ་བཙོན་དུ་བཅུག་པའི་རྗེས་སུ་གློད་གྲོལ་ཐོབ། ཁོང་གི་ཡུལ་མིའི་ཐོབ་ཐང་ལག་འཁྱེར་རྩིས་མེད་བཏང་སྟེ་༢༠༡༤་ནས་༢༠༡༨་བར་དུ་ལོ་བཞི་ལ་འགྲོ་སྡོད་རང་དབང་མེད་པ། སྤྱི་ཚོགས་སྟེང་དུ་བྱ་བ་གང་ཡང་གཉེར་མི་ཆོག་པ། སློབ་གྲྭར་འགྲིམ་མི་ཆོག་པར་བཟོས་ཏེ་རང་ཁྱིམ་དུ་སྡོད་དགོས་བྱུང་འདུག
༢༠༡༩་ལོར་མཁའ་འགྲོ་ཚེ་བརྟན་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེ་བསྟོད་ཀྱི་གླུ་ཚིག་བརྩམས། ཡུལ་དེའི་གཞས་པ་ཚེ་རྒོས་རྡུང་ལེན་གྱི་ལམ་ནས་གླུ་གཞས་དེ་བླངས། ས་གནས་དེའི་ནག་ལྡོང་སྡེ་པའི་བུ་མོ་ཞིག་གིས་གླུ་གཞས་དེ་སྐད་འཕྲིན་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བཀྲམ། ལོ་དེའི་ཕྱི་ཟླ་༤་ཚེས་༢༦་ཉིན་གླུ་ཚིག་རྩོམ་མཁན་དང་རྡུང་ལེན་པ། བརྒྱུད་སྐུར་བྱེད་མཁན་བཅས་མི་གསུམ་འཛིན་བཟུང་བྱས་ནས་བུ་མོ་དེ་ལོ་གཅིག་ཡས་མས་ཤིག་ལ་བཙོན་འཇུག་བྱས་པའི་རྗེས་སུ་གློད་གྲོལ་བཏང་རུང་མཁའ་འགྲོ་ཚེ་བརྟན་དང་གླུ་བ་ཚེ་རྒོ་གཉིས་མུ་མཐུད་རྨ་ལྷོ་ཁུལ། ཐུང་རེན་རྫོང་དུ་བཙོན་འཇུག་བྱས་ནས་༢༠༢༠་ལོའི་ཕྱི་ཟླ་༧་པའི་ཟླ་མགོར་མཁའ་འགྲོ་ཚེ་བརྟན་ལ་རྒྱལ་ཁབ་མགོ་སྟེང་སློག་ཐབས་ཀྱི་ཉེས་མིང་འོག་ལོ་༥་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་༢་བཅས་ཁྱོན་བསྡོམས་ལོ་༧ གྱི་ཁྲིམས་ཐག་བཅད། གླུ་བ་ཚེ་རྒོ་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག
ད་དུང་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། མཁའ་འགྲོ་ཚེ་བརྟན་ལ་མཚོན་ན་རྟག་ཏུ་མི་རིགས་ཀྱི་ལ་རྒྱ་དང་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད། ཕྱི་ལོ་༢༠༡༤་ལོར་གློད་གྲོལ་ཐོབ་པའི་རྗེས་སུ་སློབ་གྲྭ་དང་སྤྱི་ཚོགས་ཐོག་ཏུ་ལས་ཀ་གང་ཡང་བྱེད་དུ་མ་བཅུག་པར་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ཡོངས་སུ་འཕྲོག་སྟེ་མནའ་མ་བླངས་ནས་ཁྱིམ་དུ་བསྡད་ཡོད་པ་དང་ཁྱོ་ཤུག་ཟུང་ལ་ཕྲུ་གུ་ཞིག་ཀྱང་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
རྒྱ་གཞུང་གིས་བོད་པ་༢་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:14
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
འཁྲུངས་སྐར་དུས་སུ་ལྷ་སར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བཀག་སྡོམ།
བྲག་བརྐོས་མ་ཎི་བསུབ་དགོས་པ་དང་དར་ལྕོག་འཐེན་མི་ཆོག་པ།
XS
SM
MD
LG