༄༅།། རྒྱ་དཀར་ནག་གཉིས་ལ་ཧིན་བོད་ས་མཚམས་སུ་ཁེལ་བའི་ལ་དྭགས་ཀྱི་ཤར་ཕྱོགས་ཁུལ་དང་འབྲས་ལྗོངས་ཀྱི་ས་མཚམས་བཅས་ཧི་མ་ལ་ཡའི་གངས་འདབས་ཀྱི་ས་མཚམས་ཁག་ཏུ་སྔར་བཞིན་འཁྲུག་རྩོད་དང་གདོང་ཐུག་འབྱུང་རྒྱུ་མཚམས་ཆད་ཀྱི་མེད་ཅིང་། ད་ལྟ་རྒྱ་གར་གཞུང་གིས་རང་གི་དམག་མི་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་། བོད་ཀྱི་བྱུང་རབས་སོགས་ཀྱི་སློབ་ཁྲིད་བྱེད་ཕྱོགས་ཀྱི་ལས་གཞི་གསར་པ་ཞིག་བརྩམས་ནས་ལག་ལེན་བསྟར་འཆར་ཡོད་པའི་སྐོར། གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།
Your browser doesn’t support HTML5
རྒྱ་གར་གྱི་དམག་ལ་བོད་ཀྱི་བྱུང་རབས་དང་སྐད་ཡིག་སློབ་ཁྲིད།