ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པའི་སྤྱི་ཚོགས་སུ་ཨེ་ནད་འགོ་མཁན་ཇེ་ཉུང་།


༄༅།། ཕྱི་ཟླ་༡༢་པའི་ཚེས་༡་ཉིན་ནི་འཛམ་གླིང་གི་ཨེ་ནད་ཉིན་མོ་ཡིན་པ་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་། རྡ་ས་ས་གནས་བུད་མེད་ལྷན་ཚོགས་དང་ཀུན་ཕན་ནད་གསོ་ཁང་སོགས་མཉམ་རུབ་ཀྱིས་མེག་ལོར་ཁྲོམ་གཞུང་དུ་འཕྲད་དར་དང་ཡིག་བྱང་སྣ་ཚོགས་ཁྱེར་ནས་མང་ཚོགས་ལ་གཉན་ནད་རེག་དུག་གམ། ཨེ་ནད་ཀྱི་ཉེན་ཚབས་སྐོར་གོ་རྟོགས་སྤེལ་ནས་སྔོན་འགོག་བྱེད་དགོས་པ་དང་ནད་པར་བྱམས་བརྩེས་བསྐྱང་དགོས་པའི་ལས་འགུལ་སྤེལ་ཡོད་ཅིང་། སྐབས་དེར་གཉན་ནད་རེག་དུག་ཚན་པའི་ལས་བྱེད་པ་བསྟན་འཛིན་བསོད་ནམས་ཀྱིས་དེང་སྐབས་རྒྱ་གར་ལ་གཉན་ནད་རེག་དུག་འགོས་ཡོད་པའི་བོད་པ་༥༣་ཡོད་ཀྱང་ལོ་རེ་བཞིན་ནད་པ་ཇེ་ཉུང་དུ་འགྲོ་བཞིན་འདུག་ཅེས་འགྲེལ་བརྗོད་གནང་འདུག

གཞན་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གསལ་བསྒྲགས་ནང་དུ་འཕྲོད་བསྟེན་ལས་ཁུངས་ཀྱིས་གཉད་ནད་རེག་དུག་འགོས་པའི་ནད་པ་ཚོར་དབྱེ་འབྱེད་མེད་པར་ལྟ་རྟོག་དང་བརྟག་དཔྱད་བྱ་རྒྱུའི་རོགས་རམ་བྱེད་མུས་ཡིན། འགོས་ནད་དེ་སྔོན་འགོག་དང་བཅོས་ཐབས་ཀྱི་ལས་དོན་ལ་འབྲེལ་བ་ཡོད་པའི་སྨན་ཞབས་པ་ཚོར་ཟབ་སྦྱོང་སྤྲད་ནས་སློབ་སྟོན་གང་ཐུབ་བྱེད་ཀྱི་ཡོད་པས་མང་ཚོགས་ཀྱིས་ཀྱང་དེ་ལ་རྒྱབ་སྐྱོར་དང་མཉམ་འབྲེལ་གྱི་རོགས་སྐྱོར་བྱ་དགོས་ཞེས་བཀོད་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG