རྒྱ་ནག་གི་ཞིང་ཆེན་ཧེ་ནེན་གྱི་གྲོང་ཁྱེར་ཧཡེ་ཀུ་ཡི་ཕྱི་ལོགས་སུ་ཡོད་པའི་གྲོང་གསེབ་ཞིག་གི་ནང་ བསྡོད་ཁྱིམ་བཤིག་ཧྲལ་གཏོང་བར་སླེབས་པའི་གཞུང་འབྲེལ་ལས་བྱེད་དང་ལས་མིས་ཁང་ཁྱིམ་སྲུང་བསྐྱོབ་བྱེད་ཐབས་བྱེད་མཁན་གྲོང་གསེབ་མི་མང་དང་བུ་ཕྲུག་བཅས་པར་ཡ་ང་སྙིང་རྗེ་མེད་པར་འབེར་རྒྱུགས་ཀྱི་བརྡུང་བརྡེག་དྲག་པོ་བཏང་བའི་བརྙན་པར་ཕྱི་བསྒྲགས་བྱུང་བའི་རྗེས་ འབྲེལ་ཡོད་གཞུང་འབྲེལ་མི་འགའ་ཤས་ཤིག་ལས་གནས་ནས་དགོངས་ཞུ་བྱེད་དགོས་ཐུག་ཡོད་པ་སོགས་ཀྱི་སྐོར་ རྒྱལ་སྤྱིའི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།