ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྡ་ས་དང་སྦིར་གཞིས་ཆགས་སུ་བོད་པ་ཚོར་སྨན་ཁབ་བརྒྱབ་པ།


༄༅།། བཞུགས་སྒར་རྡ་རམ་ས་ལའི་བདེ་ལེགས་སྨན་ཁང་གིས་བཞུགས་སྒར་ཁུལ་གྱི་བོད་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ། རྫོང་སར་བཤད་གྲྭ་ཆོས་ཀྱི བློ་གྲོས་ཀྱིས་སྦིར་གཞིས་ཆགས་ཉེ་འཁོར་གྱི་བོད་པ་ལོ་ན་༡༨་ཡན་ཆད་ལ་སོན་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་སྨན་སྦྱིན་བཏང་འདུག དེ་ཡང་ཕྱི་ཟླ་༦་པའི་ཚེས་༡༥ ཉིན་བདེ་ལེགས་སྨན་ཁང་དང་མེག་ལོར་གྷན་ཇཱི་ཡུལ་མིའི་འཕྲོད་བསྟེན་སྨན་ཁང་གཉིས་ཀྱི་མཐུན་འགྱུར་རོགས་རམ་འོག་བཞུགས་སྒར་དུ་གནས་འཁོད་བོད་པ་ལོ་ན་༡༨་ཡན་ཆད་ལ་སོན་པ་ཚོར་སྔོན་འགོག་སྨན་ཁབ་བརྒྱབ་འདུག ལོ་ན་༡༨་ལ་སོན་པའི་བསྟན་འཛིན་ཀུན་བཟང་གིས་མཁས་པ་མང་པོས་ཏོག་དབྱིབས་ནད་རླབས་གསུམ་དེས་གཞོན་སྐྱེས་ཚོར་གནོད་ཚབས་ཆེ་བ་འཕོག་གི་རེད་ཟེར་གྱི་འདུག དེ་རིང་ངས་ནད་རླབས་གསུམ་པ་སྔོན་འགོག་དང་ཕན་ཚུལ་ནད་དུག་མི་བགོ་བའི་ཆེད་དུ་རང་ལ་སྨན་ཁབ་བརྒྱབ་པ་ཡིན་ཞེས་བཀྲལ། བཞུགས་སྒར་རྡ་རམ་ས་ལའི་རྣམ་རྒྱལ་གྲྭ་ཚང་དང་གནས་ཆུང་གྲྭ་ཚང་། རིགས་ལམ་སློབ་གྲྭ་བཅས་ཀྱིས་ཧྥོར་ཊི་སི་སྨན་ཁང་ནས་སྨན་ཁབ་ཉོས་ཏེ་ལོ་ན་༡༨་ཡན་ཆད་ལ་སོན་པའི་དགེ་འདུན་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་འདུག་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG