ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་པ་བཙན་བྱོལ་བ་ཚོར་འགོག་ཁབ་བརྒྱབ་ཡོད་མེད་གྲངས་ཐོ་བསྡུ་རབ།


༄༅།། བཀའ་ཤག་སྐབས་༡༦་པའི་ལམ་སྟོན་འོག་བོད་པའི་གཞིས་སྒར་ཁག་༣༦་གི་ནང་དུ་བོད་པ་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཡོད་མེད་གྲངས་ཐོ་བསྡུ་རུབ་དང་ཉམ་ཐག་རྣམས་རྩད་གཅོད་བྱེད་ཀྱི་ཡོད་ཅིང་། ཨ་རི་རླུང་འཕྲིན་ཁང་གི་གསར་འགོད་པ་བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་པ་དང་དྭང་བླང་ཞབས་ཞུ་བ་ཚོའི་ལྷན་དུ་གྲངས་ཐོ་བསྡུ་ཡུལ་ཁག་ཏུ་མཉམ་སྐྱོད་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་པ་ཁག་ཅིག་གིས་བསམ་ཚུལ་བཤད་པ་དེའི་གྲས་སུ་རྒྱ་མཚོ་ཞེས་པ་ཞིག་གིས་ཁོ་པར་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་ཡོད་ཀྱང་བཟའ་ཟླ་ལ་འགོག་ཁབ་རག་མ་སོང་། བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་འགྱུར་འོག་སྨན་ཁབ་རག་ཐུབ་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་ས་རེད་ཅེས་བཤད་པ་སོགས་ཀྱི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG