ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ལྷག་པ། ༢༠༢༥/༠༥/༡༤
ཨ་རི།
རྒྱ་ནག་དང་ཨི་ཊི་ལིའི་རིམས་ནད་འགོག་ཐབས་དང་ཨ་རི།
༡༣།༠༣།༢༠༢༠
རྒྱ་ནག་དང་ཨི་ཊི་ལིའི་རིམས་ནད་འགོག་ཐབས་དང་ཨ་རི།
པར་འདེབས་པ།
༄༅།། ཐོག་མར་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་པའི་རྗེས་སུ་མི་གྲངས་ས་ཡ་མང་པོ་གནས་ཡུལ་གྲོང་ཁྱེར་ཁག་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན། མི་མང་གི་འདུ་འཛོམས་རྣམས་བཀག་སྡོམ་བྱས་ནས་ནད་དུག་འགོས་ཁྱབ་འགྲོ་རྒྱུ་བཀག ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིའི་མི་འབོར་ས་ཡ་༦༠་ལྷག་ཡོད་པའི་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་དང་སྐྱེལ་འདྲེན། མི་མང་གི་འདུ་འཛོམས་དང་ཚོང་ལས་སོགས་བཀག་ནས་རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་གི་ཡོད་ཅིང་། ད་ལྟ་ཨ་རིའི་ནེའུ་ཡོཀ་མངའ་སྡེའི་སྤྱི་ཁྱབ་ཀྱིས་ཀྱང་རོ་ཆེལ་ས་ཁུལ་དུ་རྒྱལ་ཡོངས་ཡུལ་སྲུང་དམག་བཀྲམ་ནས་ཟུར་འགོག་གི་ས་ཁུལ་ཞིག་གཏན་འབེབས་བྱས་འདུག
ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ།
ཉེ་དུས་ཤིག་ནས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འདི་ལ་བལྟས་ནས་ཨ་རིའི་རྒྱལ་ཡོངས་སུའང་རྒྱ་ནག་དང་ཨི་ཊི་ལི་ལྟར་འགྲིམ་འགྲུལ་དང་སྐྱེལ་འདྲེན། ཚོང་ལས་དང་མི་ཚོགས་འདུ་འཛོམས་སོགས་འགོག་དགོས་མིན་ནམ་ཞེས་ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་བསམ་གཞིག་བྱེད་འགོ་ཚུགས། རྒྱ་ནག་དང་ཨི་ཊི་ལི་སོགས་ཀྱིས་མི་དམངས་རྣམས་རང་ཁྱིམ་དུ་འགོག་དགོས་པའི་བྱ་ཐབས་ཤིག་ལག་ལེན་བསྟར་གྱི་ཡོད་པར་འཛམ་གླིང་འཕྲོད་བསྟེན་འཛུགས་ཀྱི་བསྔགས་བརྗོད་ཐོབ།
ཉམས་ཞིབ་པ་ཚོས་རྩོམ་ཡིག་བྲིས་ནས་ཨ་རིའི་གཞུང་གིས་རྒྱ་ནག་དང་ཨི་ཊི་ལི་ལྟར་འགྲིམ་འགྲུལ་དང་སྐྱེལ་འདྲེན་སོགས་བཀག་སྡོམ་བྱ་དགོས་ཐུག་མི་སྲིད། འོན་ཀྱང་ཨ་མི་རི་ཀས་རྒྱ་ནག་སོགས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་ནས་འཇོམས་ཀྱི་ཡོད་པའི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་མིག་དཔེ་བལྟས་ནས་ཉམས་མྱོང་ལེན་ཆོག ཨ་རིའི་གཞུང་གིས་འཕྲོད་བསྟེན་ལས་སྣེ་མཁས་པ་ཚོར་གྲོས་བསྡུར་བྱས་ནས་བཀག་སྡོམ་ཚད་ལས་བརྒལ་བ་ཞིག་མིན་པའི་བྱ་ཐབས་ནུས་པ་ཞིག་ཅན་ལག་ལེན་བསྟར་རྒྱུ་རྙེད་ངེས་རེད། གལ་སྲིད་ས་གནས་སོ་སོའི་མི་མང་གི་འགུལ་སྐྱོད་དང་འགྲིམ་འགྲུལ་བཅས་ལ་བཀག་སྡོམ་བྱས་ན་ཀུན་སྤྱོད་དང་ཁྲིམས། རིམས་ནད་སྔོན་འགོག་གི་ལས་དོན་སྒྲུབ་ཕྱོགས་སོགས་ལ་དཀའ་ངལ་འཕྲད་ནས་ལྡོག་ཕྱོགས་ཀྱི་མཇུག་འབྲས་ཤིག་སྨིན་སྲིད་པའི་ཉེན་ཁ་ཆེ། བཀག་སྡོམ་དང་འགུལ་ས་མེད་པ། བཙན་འགོག་སོགས་ཀྱི་ཐ་སྙད་རྣམས་ཀྱང་སྨན་གཞུང་དང་ཆབ་སྲིད་ལ་མཐུན་པའི་མིང་ཚིག་རྣམས་མིན་ཞེས་ཉེན་བརྡ་བཏང་འདུག
ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་ཐོན་པའི་རྩོམ་ཡིག་དེར་ཉམས་ཞིབ་པ་ཚོས་ཨ་རིའི་གཞུང་གིས་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་དོགས་པ་ཡོད་མཁན་ཚོར་བརྟག་དཔྱད་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་པ་དང་ནད་པ། དོགས་ཅན་ནད་པའི་རིགས་རྣམས་འཕྲལ་དུ་ལོགས་སུ་བཀར་ནས་སྤྱི་དམངས་འདུ་འཛོམས་ཉུང་དུ་གཏོང་དགོས། རྒྱ་ནག་དང་ཧོང་ཀོང་། སིངྒ་པུར་དང་ལྷོ་ཀོ་རི་ཡ་སོགས་ཀྱི་སྤྱི་སྒེར་ཟུང་གི་ལས་ཁུངས་ཁག་དང་བཟོ་ཚོང་ལས་ཁང་ཁག་གི་ལས་བྱེད་པ་རྣམས་ལས་ཁུངས་སུ་དངོས་བཅར་མི་དགོས་པར་རང་ཁྱིམ་དུ་ལས་ཀ་བྱེད་དུ་བཅུག་པར་དགེ་མཚན་འདུག་ཅེས་རྒྱུས་སྟོན་བྱས་ཡོད་པ་རེད། རྒྱལ་སྤྱིའི་འཕྲོད་བསྟེན་ལས་གཞི་དང་ཕྱི་འབྲེལ་ཐབས་ཇུས་ཁང་གི་འགན་འཛིན་ཐོ་མ་སི་བྷུ་ལི་ཀིས་ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་མ་བཏང་བར་རྒྱ་ནག་གཞུང་གིས་ལག་ལེན་བསྟར་པ་ཁག་ཅིག་ལག་ལེན་བསྟར་ཆོག སྤྱི་དམངས་ཀྱི་འགྲིམ་འགུལ་དང་སྐྱེལ་འདྲེན། མི་ཚོགས་འདུ་འཛོམས་སོགས་ལ་ཚོད་འཛིན་བྱས་ནས་མང་ཚོགས་ལ་བརྟག་དཔྱད་བྱ་རྒྱུ་ཇེ་མང་དུ་གཏོང་དགོས། ཨ་མི་རི་ཀས་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་བྱེད་ཀྱི་ཡོད་པར་གྲུབ་འབྲས་ཤིག་འཐོན་དགོས་ན་སྲིད་གཞུང་གི་ལས་དོན་སྒྲུབ་ཕྱོགས་ཕྱི་གསལ་ནང་གསལ་དང་མི་རྣམས་ཡིད་ཆེས་འཕེར་ཐུབ་པ་ཞིག་ཡིན་དགོས་པར་མ་ཟད། ང་ཚོའི་འགོ་ཁྲིད་ཚོས་རང་གི་ནོར་འཁྲུལ་སོགས་ལ་ངོས་ལེན་བྱེད་ཐུབ་པ་དང་མི་ཤེས་ན་མི་ཤེས་ཞེས་གང་ཐུབ་ཀྱིས་མང་ཚོགས་ལ་དྲང་གཏམ་བཤད་ཐུབ་པ་ཞིག་ཡིན་དགོས་ཞེས་བཤད།
སྟོང་ཤིག་གེར་ཡོད་པའི་ཨི་ཊི་ལིའི་ཐང་ཆེན།
ཉམས་ཞིབ་པ་ཚོས་ཨི་ཊི་ལིའི་གཞུང་གིས་རིམས་ནད་སྔོན་འགོག་བྱེད་པར་ཟ་ཁང་དང་མགྲོན་ཁང་། ཚོང་ཁང་སོགས་སྒོ་རྒྱག་དགོས། མི་དམངས་ལ་དགོས་ངེས་ཀྱི་བཟའ་བཅའི་ཚོང་ཁང་དང་སྨན་ཚོང་ཁང་རྣམས་སྒོ་འབྱེད་ཆོག་ཀྱང་ཚོང་ལས་གཞན་རྣམས་སྒོ་རྒྱག་དགོས་པའི་བཀའ་བསྒྲགས་པ་ནི་ཐབས་མཁས་ཤིག་མ་རེད། རྒྱལ་ཁབ་མང་པོ་ཞིག་གིས་བཀག་སྡོམ་བྱེད་ཐུབ་ཀྱི་ཡོད་པ་ནི་འབྲེལ་ཡོད་ས་གནས་ཁག་གི་མི་མང་གིས་བཀག་སྡོམ་ལ་རྒྱབ་སྐྱོར་དང་མཐུན་འགྱུར་བྱས་ནས་ལག་ལེན་བསྟར་ཐུབ་པ་ཞིག་ཡིན་ཞིང་། རྒྱལ་ཁབ་ཁག་ཅིག་གིས་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གནམ་ཐང་དང་གྲུ་ཁ་སོགས་ལ་དམག་དང་ཉེན་རྟོག་པ་བཀྲམ་ནས་མང་ཚོགས་ཀྱི་འགུལ་སྐྱོད་རང་དབང་ལ་རྡོག་བརྫིས་བཏང་ནས་བཀག་སྡོམ་བྱེད་ཀྱི་འདུག རྒྱ་ནག་གི་བཀག་སྡོམ་ནི་མཐའ་གཅིག་ཏུ་རིགས་ཕྱི་མ་དེར་གཏོགས། རྒྱ་ནག་ལ་ན་ནིང་ཕྱི་ཟླ་༡༢་པ་ནས་ཏོག་དབྱིབས་རིམས་ནད་ཁྱབ་ཀྱང་པེ་ཅིང་གི་དབང་འཛིན་པ་ཚོས་སྦ་གསང་བྱས་ནས་བཞག མཐར་རྒྱ་ནག་གི་འགོ་ཁྲིད་ཚོ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་དུས་རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ནས་ཚབས་ཆེའི་འགོས་ནད་ཅིག་ཁྱབ་ཀྱི་ཡོད་པ་ཕྱིར་བསྒྲགས་བྱས་སོང་། རྒྱ་ནག་གི་སྨན་པ་དང་ཕྱི་རྒྱལ་གྱི་ཉམས་ཞིབ་པ་ཚོས་གློ་ཚད་ལྟ་བུའི་ནད་ཡམས་གསར་པ་ཞིག་ཁྱབ་ཀྱི་འདུག་ཅེས་བསྒྲགས་ཀྱང་རྒྱ་ནག་གཞུང་གིས་སྐད་ཆ་དེ་ཚོ་དཀྲོག་གཏམ་རེད་ཅེས་ཁ་བཀག་ནས་རིམས་ནད་ཁྱབ་ཏུ་བཅུག་པ་རེད། ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་རྒྱ་ནག་གི་དཔྱིད་གསར་དུས་ཆེན་གྱི་འགྲིམ་འགྲུལ་འགོ་ཚུགས་དུས་རྒྱ་ནག་གཞུང་གིས་ཝུ་ཧན་གཙོ་བོར་གྱུར་པའི་ཉེ་འཁོར་གྱི་གྲོང་ཁྱེར་ཁག་གི་འགྲིམ་འགྲུལ་དང་འདུ་ལོང་རྣམས་ཡོངས་སུ་བཀག་པ་རེད་ཅེས་སྐྱོན་བཙུགས། ཉམས་ཞིབ་པ་དེ་དག་གིས་ད་ནས་ཡུན་རིང་མི་འགོར་པར་འགྲིམ་འགྲུལ་དང་སྐྱེལ་འདྲེན། མི་མང་གི་འདུ་འཛོམས་འགོག་རྒྱུ་ནི་རྒྱལ་སྤྱིའི་ལམ་སྲོལ་ཞིག་ཏུ་འགྱུར་ཉེན་འདུག ཡིན་ནའང་མིའི་འགྲིམ་འགྲུལ་བཀག་ནས་འཕྲོད་བསྟེན་ལས་སྣེ་ཚོའི་ལས་དོན་ལ་འཐུས་ཤོར་དང་མཁོ་ངེས་ཀྱི་དངོས་ཟོག་སྐྱེལ་འདྲེན་ལ་དལ་འགོར། མང་ཚོགས་ལ་དངངས་སྐྲག་བསླངས་པ། སྨན་ཁང་དང་སྨན་པ་སོགས་ཀྱི་རྡོག་ཁྲེས་ལྕི་རུ་བཏང་ན་དགེ་མཚན་ཅི་ཞིག་འདུག་གམ། ཨ་རིའི་གཞུང་གིས་མི་དམངས་ལ་བརྡབ་གསིག་མ་བཏང་བར་རིམས་ནད་སྔོན་འགོག་གི་ལས་དོན་ནུས་པ་ཐོན་པ་ཞིག་བསྒྲུབ་དགོས་ཀྱི་འདུག་ཅེས་ལྟ་ཚུལ་བརྗོད་འདུག
འབྲེལ་ཡོད།
ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་༡༠༠༠་ལྷག་འདུག
ཨི་ཊི་ལིའི་མི་འབོར་ས་ཡ་༦༠་ལ་འགྲིམ་འགྲུལ་བཀག་སྡོམ།
ཏོག་དབྱིབས་རིམས་ནད་ཀྱིས་འཛམ་གླིང་གི་སྐྱེལ་འདྲེན་བཅད།
XS
SM
MD
LG