ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རྒྱ་གཉིས་ཀྱི་དོན་གཅོད་ཁང་སྒོ་རྒྱག་རེས་ཀྱི་ཛ་དྲག་གི་གནས་སྟངས།


༄༅།། རྒྱ་ནག་གཞུང་གིས་གཟའ་པ་སངས་ཀྱི་ཉིན་མོར་རྒྱ་ནག་གི་ཁྲེང་ཏུའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ལས་ཁུངས་ཆུ་ཚོད་༧༢་ཀྱི་ནང་ཚུད་དུ་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་ཅིང་། འདི་ནི་གཟའ་མིག་དམར་གྱི་ཉིན་མོར་ཨ་མི་རི་ཀའི་གཞུང་གིས་ཨ་རིའི་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ལས་ཁུངས་ཚོུད་༧༢་ཀྱི་ནང་ཚུད་དུ་སྒོ་བརྒྱབ་ཚར་དགོས་ཞེས་བཀའ་བཏང་ཡོད་པར་ལན་པ་སློག་པ་ཞིག་ཡིན་པར་མ་ཟད། དེང་སྐབས་ཕྱོགས་གཉིས་ཀྱི་དོན་གཅོད་ལས་ཁུངས་ཁག་སྒོ་རྒྱག་རེས་བྱེད་ཀྱི་ཡོད་པ་དེས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཧ་ཅང་གི་ཛ་དྲག་ཅན་ཞིག་ལ་འགྱུར་བཞིན་པའི་མཚོན་རྟགས་ཡིན་པའི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG