ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་སུ་བོད་རང་བཙན་གྱི་ཁྲིམས་གཞི་མཚམས་སྦྱོར།


༄༅།། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སི་ཀོ་ཊི་པེ་རཱིས་ཨ་མི་རི་ཀས་བོད་རང་བཙན་ཁས་ལེན་བྱེད་དགོས་པའི་ཁྲིམས་གཞི་ཞིག་གྲོས་ཚོགས་སུ་མཚམས་སྦྱོར་ཞུས་ཡོད་ཅིང་། ཁོང་གིས་གཟའ་ལྷག་པ་ཉིན་བཏོན་པའི་ཁྲིམས་གཞི་དེར་དོན་ཚན་གཙོ་བོ་གསུམ་འཁོད་ཡོད་པ་དེར་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཨ་མདོ་དང་ཁམས། དབུས་གཙང་བཅས་གསུམ་ཀ་ཚུད་པའི་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གསལ་བསྒྲགས་སྤེལ་དགོས། རྒྱ་ནག་དམར་ཤོག་ཚོགས་པས་བོད་དེ་སྔར་བཞིན་ཁྲིམས་འགལ་གྱིས་བཙན་བཟུང་བྱེད་ཀྱི་འདུག རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་མི་སྣ་ཚོ་ཨ་རིར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་འགོག་དགོས། ཁོ་ཚོ་མ་འོངས་པར་ནམ་ཡང་ཨ་རིར་ཡོང་མི་ཆོག་པ་བཟོ་རྒྱུ། རྒྱ་གཞུང་གི་འབྲེལ་ཡོད་ལས་སྣེ་དེ་ཚོར་ཨ་རིའི་ས་ཐོག་ཏུ་རྒྱུ་ནོར་དང་མཁར་གཞིས་ཡོད་ཚད་འགོག་ཉར་བྱེད་དགོས་ཞེས་བཀོད་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་གྲོས་ཚོགས་འཐུས་མི་པེ་རཱིའི་མགྲིན་ཚབ་པར་བཅར་འདྲི་ཞུས་ནས་གནས་ཚུལ་་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་གནང་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG