ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༡༠/༠༢

སྲིད་འཛིན་ལ་སུ་བདམས་ཀྱང་ཨ་རྒྱའི་འགྲན་སྡུར་སོར་གནས།


༢༠༡༧་ལོའི་སྤྱི་ཟླ་བཞི་པའི་ནང་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཧྥུ་ལོ་རི་ཌ་མངའ་སྡེའི་རང་གི་སྤྲོ་གསེང་ས་ཁུལ་དུ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་ལ་ཐུག་འཕྲད་དང་སྣེ་ལེན། ཁོ་ཚོས་མཉམ་དུ་གོར་སྦོལ་རྩེད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་འགོ་བཙུགས་ཤིང་། དེ་ནས་ཟླ་ཤས་རྗེས་སུ་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་པེ་ཅིང་གི་གོང་མའི་ཕོ་བྲང་དུ་གདན་འདྲེན་ཞུས། འོན་ཀྱང་དེའི་རྗེས་སུ་ཨ་རྒྱ་གཉིས་ཚོང་དོན་དང་འཕྲུལ་རིག་ལག་རྩལ། མཚོ་ཐོག་གི་འགྲིམ་འགྲུལ་རང་དབང་དང་བདག་དབང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། གཞན་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་སོགས་ཀྱིས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཐོག་ཏུ་སྡུག་ཤོས་སུ་གྱུར། ལྷག་པར་དུ་དེང་སྐབས་ཨ་མི་རི་ཀ་འཛམ་གླིང་གི་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་དེར་གྱུར་ཡོད་པས་སྲིད་དོན་ཉམས་ཞིབ་པ་ཚོས་ཐེངས་འདིའི་འོས་འདེམས་རྗེས་སུ་ཨ་རིའི་སྲིད་འཛིན་ལ་སུ་ཞིག་འདེམས་ཐོན་བྱུང་རུང་མ་འོངས་པའི་ལོ་བཞིའི་ནང་དུ་ཨེ་ཤེ་ཡ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་ཨ་རྒྱ་གཉིས་ཀྱི་འགྲན་རྩོད་ཆེ་རུ་སོང་སྟེ་འབྲེལ་བ་ཛ་དྲག་ཅན་ཞིག་ཏུ་འགྲོ་རྒྱུ་ནི་གཏན་ཁེལ་རེད་ཅེས་ཚོད་དཔག་བྱས་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG