ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འོས་བསྡུའི་ཉིན་མཐའ་མར་སྲིད་འཛིན་ཊམ་མངའ་སྡེ་༥་ལ་ཕེབས་རྒྱུ།


༄༅།། སང་ཉིན་ཕྱི་ཟླ་༡༡་པའི་ཚེས་༣་སྟེ། རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་ཅིང་། དེ་རིང་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་ཉིན་མཐའ་མ་དེར་སྲིད་འཛིན་ཌོ་ནལ་ཊམ་ལོ་འདིའི་འོས་འདེམས་ལ་གནད་འགག་ཆེ་བའི་མངའ་སྡེ་ཁག་ལྔ་ལ་ཕེབས་ནས་མཐའ་མཇུག་གི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་ནས་ཤུགས་སྣོན་རྒྱག་གི་ཡོད་པར་མ་ཟད། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ཡང་ཕེན་སིལ་ཝྭེ་ཎི་ཡ་མངའ་སྡེར་ཕེབས་ནས་མཐའ་མའི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG