ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་གཞུང་ཚབ་པ་དང་༧གོང་ས་མཆོག་གི་སྐུ་ཚབ་མཇལ་འཕྲད།


༄༅།། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཨ་ཊུལ་ཁེ་ཤཱབ་དང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་རྣམ་གཉིས་མཇལ་འཕྲད་གྲོས་མོལ་གནང་ཡོད་ཅིང་། ཨ་རིའི་གཞུང་ཚབ་པས་ཊོས་ཊར་དྲྭ་ལམ་དུ་དེ་རིང་ཕྱི་ཟླ་༨་ཚེས་༡༠་ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལ་མཇལ་འཕྲད་གྲོས་མོལ་བྱུང་བར་དགའ་ཚོར་བྱུང་སོང་ཞེས་འཕྲིན་ཐུང་ཞིག་སྤེལ་འདུག ཨ་རིའི་གཞུང་གིས་བོད་པའི་ཆོས་དང་རིག་གཞུང་། རང་དབང་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བཅས་ལ་རྟག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ལྷག་པར་དུ་༧གོང་ས་་ཏཱ་ལའི་བླ་མ་མཆོག་གིས་འདྲ་མཉམ་དང་དྲང་བདེན་གྱི་རླབས་ཆེན་དགོངས་བཞེད་ཁག་ལ་གུས་བཀུར་ཡོད་ཅེས་གསུངས་འདུག

ད་ཐེངས་ཀྱི་མཇལ་འཕྲད་འདི་སྲིད་འཛིན་ཇཱོ་བྷ་ཌན་གྱི་གཞུང་གིས་རྒྱ་གར་ལ་མངགས་གཏོང་བྱས་པའི་ཨ་རིའི་གཞུང་ཚབ་པས་༧གོང་ས་མཆོག་གི་སྐུ་ཚབ་ལ་མཇལ་འཕྲད་གནང་བ་ཐེངས་དང་པོ་ཡིན་ཞིང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱིས་ཐེངས་འདིའི་མཇལ་འཕྲད་ཡག་པོ་བྱུང་སོང་། ཨ་རིའི་གཞུང་ཚབ་པ་ཨ་ཊུལ་ཁེ་ཤཱབ་ནི་བོད་དོན་ལ་ཐུགས་སྣང་ཆེན་པོ་ཡོད་མཁན་ཞིག་རེད་ཅེས་གསུངས་འདུག བདུན་ཕྲག་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་གྱིས་༧གོང་ས་མཆོག་གི་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུང་འབྲོང་ཆུང་དངོས་གྲུབ་མཇལ་འཕྲད་གནང་ཡོད་པར་མ་ཟད། སྔ་ལོ་ལྡི་ལིར་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཁེན་ཇཱ་སི་ཊར་གྱིས་ཕྱི་ཟླ་༧་པའི་ཚེས་༡༨་ཉིན་ལྡི་ལི་སྐུ་ཚབ་དོན་གཅོད་ལ་མཇལ་འཕྲད་གནང་འདུག སྐབས་དེར་གཞུང་ཚབ་པ་ཁེན་ཇཱ་སི་ཊར་༧གོང་ས་མཆོག་གི་ལྡི་ལིའི་སྐུ་ཚབ་དོན་ཁང་ལ་འབྲེལ་ཐག་ཉེ་པོ་ཡོད་པ་རྣམས་ཇེ་བཟང་དུ་འགྲོ་བཞིན་ཡོད་ཅེས་གསུངས་པ་ཡོད་པའི་སྐོར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG